shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 56a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 56a
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 17 函 · 德格 56a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文པོ་ནི། སྙིང་རྗེ་ཆེན་པོས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་སྙིང་རྗེ་ཆེན་པོ་{མྱེད་,མེད་}བྱང་ཆུབ་སེམས་དཔའ་མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན།སྟོང་པ་ཉིད་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མེད། བྱང་ཆུབ་སེམས་དཔའ་མེད་དོ། །ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་དབྱིངས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་ཆོས་ཀྱི་དབྱིངས་མེད། བྱང་ཆུབ་སེམས་དཔའ་{མྱེད་,མེད་}དོ། །
དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་དེ་བཞིན་ཉིད་མེད། བྱང་ཆུབ་སེམས་དཔའ་{མྱེད་,མེད་}དོ། །ཡང་དག་པའི་མཐའ་ནི་ཡང་དག་པའི་མཐས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་ཡང་དག་པའི་མཐའ་{མྱེད,མེད}། བྱང་ཆུབ་སེམས་དཔའ་མེད་དོ། །བསམ་གྱིས་{མྱི་,མི་}ཁྱབ་པའི་དབྱིངས་ནི། བསམ་གྱིས་{མྱི་,མི་}ཁྱབ་པའི་དབྱིངས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་བསམ་གྱིས་{མྱི་,མི་}ཁྱབ་པའི་དབྱིངས་{མྱེད,མེད}། བྱང་ཆུབ་སེམས་དཔའ་{མྱེད་,མེད་}དོ། །ཐམས་
ཅད་ཤེས་པ་ཉིད་ནི། ཐམས་ཅད་ཤེས་པ་ཉིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་ཐམས་ཅད་ཤེས་པ་ཉིད་མེད། བྱང་ཆུབ་སེམས་དཔའ་{མྱེད་,མེད་}དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་སྟོང་སྟེ།དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་ལམ་གྱི་རྣམ་པ་ཤེས་པ་ཉིད་མེད། བྱང་ཆུབ་སེམས་དཔའ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་{མྱེད་,མེད་}བྱང་ཆུབ་
སེམས་དཔའ་{མྱེད་,མེད་}དོ། །ཉན་ཐོས་ཀྱི་ཐེག་པ་ནི་ཉན་ཐོས་ཀྱི་ཐེག་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་ཉན་ཐོས་ཀྱི་ཐེག་པ་མེད་བྱང་ཆུབ་སེམས་དཔའ་མེད་དོ། །རང་སངས་རྒྱས་ཀྱི་ཐེག་པ་ནི་རང་སངས་རྒྱས་ཀྱི་ཐེག་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 56a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。