shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 73b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 73b
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 17 函 · 德格 73b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文པ་སྟོང་པ་ཉིད་ལ་ཡང་{མྱིང་,མིང་}{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་{མྱིང་,མིང་}གང་ཡིན་པ་དང་། {མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་{མྱི་,མི་}{དམྱིགས་,དམིགས་}ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་{མྱིང་,མིང་}ཙམ་མོ། །འདི་ལྟ་སྟེ།དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་འདི་ནི་{མྱིང་,མིང་}ཙམ་སྟེ། {མྱིང་,མིང་}ལ་ཡང་དངོས་པོ་མེད་པ་སྟོང་པ་ཉིད་{མྱེད,མེད}། དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་ལ་ཡང་{མྱིང་,མིང་}{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་{མྱིང་,མིང་}གང་ཡིན་པ་དང་། དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་{མྱེད་,མེད་}ཅིང་
{མྱི་,མི་}{དམྱིགས་,དམིགས་}ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་{མྱིང་,མིང་}ཙམ་མོ། །འདི་ལྟ་སྟེ། ངོ་བོ་ཉིད་སྟོང་པ་ཉིད་འདི་ནི་{མྱིང་,མིང་}ཙམ་སྟེ། {མྱིང་,མིང་}ལ་ཡང་ངོ་བོ་ཉིད་སྟོང་པ་ཉིད་{མྱེད,མེད}། ངོ་བོ་ཉིད་སྟོང་པ་ཉིད་ལ་ཡང་{མྱིང་,མིང་}{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་{མྱིང་,མིང་}གང་ཡིན་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་{མྱེད་,མེད་}ཅིང་{མྱི་,མི་}{དམྱིགས་,དམིགས་}ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་{མྱིང་,མིང་}ཙམ་མོ། །འདི་ལྟ་སྟེ། དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་འདི་ནི་{མྱིང་,མིང་}ཙམ་སྟེ། {མྱིང་,མིང་}ལ་ཡང་དངོས་པོ་{མྱེད་,མེད་}
པའི་ངོ་བོ་ཉིད་སྟོང་པ་ཉིད་{མྱེད,མེད}། དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡང་{མྱིང་,མིང་}མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་{མྱིང་,མིང་}གང་ཡིན་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་{མྱི་,མི་}{དམྱིགས་,དམིགས་}ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་{མྱིང་,མིང་}ཙམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་{མྱིང་,མིང་}ཙམ་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་རྣམས་ཞེས་བྱ་བ་འདི་ནི་གློ་བུར་
དུ་{མྱིང་,མིང་}དུ་བཏགས་པ་སྟེ། {མྱིང་,མིང་}ལ་ཡང་དྲན་པ་ཉེ་བར་གཞག་པ་རྣམས་{མྱེད,མེད}། དྲན་པ་ཉེ་བར་གཞག་པ་རྣམས་ལ་ཡང་{མྱིང་,མིང་}མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་{མྱིང་,མིང་}གང་ཡིན་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་{མྱེད་,མེད་}ཅིང་{མྱི་,མི་}{དམྱིགས་,དམིགས་}ཏེ། །
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 73b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。