完整藏文原文 · 德格版页 当前仅加载第 17 函德格 277b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
གཏན་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །བསམ་གཏན་མངོན་པར་རྫོགས་པར་འཚང་{མྱི་,མི་}རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། །ཚད་མེད་པ་{མྱེད་,མེད་}པའི་ཕྱིར།
D8.017.0277b01.01ཡིད་ལ་བྱེད་པ་{མྱེད་,མེད་}པར་རིག་པར་བྱའོ། །ཚད་{མྱེད་,མེད་}པ་དངོས་པོ་{མྱེད་,མེད་}པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་{མྱེད་,མེད་}པར་རིག་པར་བྱའོ། །ཚད་{མྱེད་,མེད་}པ་རང་བཞིན་{མྱེད་,མེད་}པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་{མྱེད་,མེད་}པར་རིག་པར་བྱའོ། །ཚད་{མྱེད་,མེད་}པ་སྟོང་པ་ཉིད་ཀྱི་ཕྱིར།
D8.017.0277b02.01ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །ཚད་{མྱེད་,མེད་}པ་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །ཚད་{མྱེད་,མེད་}པ་མངོན་པར་རྫོགས་པར་འཚང་{མྱི་,མི་}རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་{མྱི་,མི་}རྒྱ་བར་རིག་པར་བྱའོ། །
D8.017.0277b03.01ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་{མྱེད་,མེད་}པའི་ཕྱིར། ཡིད་ལ་བྱེད་པ་{མྱེད་,མེད་}པར་རིག་པར་བྱའོ། །གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་དངོས་པོ་{མྱེད་,མེད་}པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་{མྱེད་,མེད་}པར་རིག་པར་བྱའོ། །གཟུགས་
D8.017.0277b04.01{མྱེད་,མེད་}པའི་སྙོམས་པར་འཇུག་པ་རང་བཞིན་{མྱེད་,མེད་}པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་{མྱེད་,མེད་}པར་རིག་པར་བྱའོ། །གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །གཟུགས་{མྱེད་,མེད་}པའི་སྙོམས་
D8.017.0277b05.01པར་འཇུག་པ་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་མངོན་པར་རྫོགས་པར་འཚང་{མྱི་,མི་}རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་{མྱི་,མི་}རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་
D8.017.0277b06.01པ་ཤ་ར་དྭ་ཏིའི་བུ། རྣམ་པར་ཐར་པ་{མྱེད་,མེད་}པའི་ཕྱིར། ཡིད་ལ་བྱེད་པ་{མྱེད་,མེད་}པར་རིག་པར་བྱའོ། །རྣམ་པར་ཐར་པ་དངོས་པོ་{མྱེད་,མེད་}པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་{མྱེད་,མེད་}པར་རིག་པར་བྱའོ། །རྣམ་པར་ཐར་པ་རང་བཞིན་{མྱེད་,མེད་}པའི་ཕྱིར། ཡིད་ལ་བྱེད་པ་རང་
D8.017.0277b07.01