藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8第 18 函 · 德格 352a

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8
返回文本目录:《shes rab kyi pha rol tu phyin pa stong phrag brgya pa/》
德格《甘珠尔》D8藏文原典完整藏文原文 · 德格版页

shes rab kyi pha rol tu phyin pa stong phrag brgya pa/

当前为德格木刻版 352a。藏文 NFD 原样保留,并提供可引用的稳定行号。

本页内容
藏文原典 · 德格版页
德格版页
352a
可引用原文
7 行
全文规模
全经 65909 稳定行段
责任者
藏译责任依各经题记;本批次未逐条裁决
正文语种
藏文
权利
Public Domain;保留固定提交、版本边界与来源署名
函目录 · 13 函第 18 函 · 德格 352a
阅读设置设置会在阅读页间保留

忠实保留藏文原典。藏文 Unicode NFD、德格版页次序与稳定行号保持不变;不加入机器译文。

选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。

我的选文

ཀྱང་ནོར་བུ་རིན་པོ་ཆེ་དེ་བསྟན་ན། {མྱི་,མི་}མ་ལགས་པ་དེ་ནོར་བུ་རིན་པོ་ཆེ་ཆེན་པོ་དེའི་གཟི་བརྗིད་{མྱི་,མི་}བཟོད་དེ། མྱུར་དུ་འཕོ་ཞིང་{མྱི་,མི་}གནས་སོ། །མཁྲིས་པས་གདུངས་པའི་ལུས་ལ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བཏགས་ན།མཁྲིས་པ་དེ་ཡང་འབྱང་བར་འགྱུར་རོ། །རླུང་གིས་མནར་བའི་ལུས་ལ། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བཏགས་ན། རླུང་དེ་ཡང་འབྱང་བར་འགྱུར་རོ། །བད་ཀན་གྱིས་ནོན་པའི་ལུས་ལ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བཏགས་ན། བད་ཀན་དེ་ཡང་ཞི་

བར་འགྱུར་རོ། །འདུས་པའི་བྲོས་བཏབ་པའི་ལུས་ལ། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བཏགས་ན། འདུས་པའི་བྲོ་དེ་ཡང་ཞི་བར་འགྱུར་ཞིང་རྣམ་པར་{མྱི་,མི་}འཕེལ་ལོ། །ནུབ་མོ་ནི་སྣང་བར་བགྱིད་དོ། །ཚ་བའི་དུས་ན་ནི་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ཕྱོགས་གང་དུ་བཞག་པའི་ཕྱོགས་དེ་བསིལ་བར་བགྱིད་དོ། །གྲང་བའི་དུས་ན་ནི་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ཕྱོགས་གང་དུ་བཞག་པའི་ཕྱོགས་དེ་དྲོ་བར་བགྱིད་དོ། །ནོར་བུ་རིན་པོ་ཆེ་ཆེན་པོ་དེ་དོག་སའི་ཕྱོགས་གང་དུ་བཞག་པའི་ཕྱོགས་

དེ་ཡང་ཧ་ཅང་ཡང་{མྱི་,མི་}དྲོ། །ཧ་ཅང་ཡང་{མྱི་,མི་}གྲང་ཞིང་། རན་པ་ཕུན་སུམ་ཚོགས་པར་བགྱིད་དོ། །ནོར་བུ་རིན་པོ་ཆེ་ཆེན་པོ་དེ་དོག་སའི་ཕྱོགས་གང་དུ་བཞག་པའི་དོག་སའི་ཕྱོགས་དེར་སྦྲུལ་ལམ་དེ་མ་ལགས་པའི་སྡིག་པ་ལ་{སྩོགས་,སོགས་}པ་གདུག་པ་གཞན་དག་ཀྱང་རྒྱུ་བར་{མྱི་,མི་}འགྱུར་རོ། །བཅོམ་ལྡན་འདས་སྐྱེས་པ་འམ། བུད་{མྱེད་,མེད་}ལ་ལ་ཞིག་སྦྲུལ་གདུག་པས་ཟིན་པ་ལ། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བསྟན་ན། དེས་དེ་མཐོང་མ་ཐག་ཏུ་དུག་དེ་ཡང་འབྱང་བར་འགྱུར་རོ། །

བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ནི། ཡོན་ཏན་གྱི་རྣམ་པ་འདི་ལྟ་བུ་དག་དང་ལྡན་ཏེ། སྐྱེས་པ་འམ། བུད་མེད་ལ་ལ་ཞིག་འབྲུམ་བུས་བཏབ་བམ། {མྱིག་,མིག་}རབ་རིབ་ཅན་དུ་གྱུར་ཏེ། {མྱིག་,མིག་}གི་ནད་དམ། རྣ་བའི་ནད་དམ།

版本与引用信息

母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。

目录
德格目录 D8
德格版页
352a
显示
忠实保留藏文原典·未添加机器译文

研究边界

书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。

归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。