完整藏文原文 · 德格版页 当前仅加载第 18 函德格 269b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
འདི་ལས་བྱུང་ངོ་། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འཛམ་བུའི་གླིང་གི་{མྱི་,མི་}གང་ཤེས་
D8.018.0269b01.01རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་རིམ་གྲོར་{མྱི་,མི་}བགྱིད། བཀུར་སྟིར་{མྱི་,མི་}བགྱིད། ཕུ་དུད་དུ་{མྱི་,མི་}བགྱིད། མཆོད་པར་{མྱི་,མི་}བགྱིད་པ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པ་དེ་ལྟར་མཐུ་ཆེ་བར་མ་འཚལ་ཏམ། །བཅོམ་ལྡན་འདས་ཀྱིས་བཀའ་
D8.018.0269b02.01སྩལ་པ། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། འཛམ་བུའི་གླིང་གི་{མྱི་,མི་}དེ་དག་ལས་གང་སངས་རྒྱས་ལ་མོས་པ་{མྱི་,མི་}ཕྱེད་པ་དང་ལྡན་པ་དང་། གང་ཆོས་ལ་མོས་པ་{མྱི་,མི་}ཕྱེད་པ་དང་ལྡན་པ་དང་། གང་དགེ་འདུན་ལ་མོས་པ་{མྱི་,མི་}ཕྱེད་པ་དང་ལྡན་པ་དང་། གང་
D8.018.0269b03.01སངས་རྒྱས་ལ་ནེམ་ནུར་{མྱེད་,མེད་}པ་དང་། གང་ཆོས་ལ་ནེམ་ནུར་{མྱེད་,མེད་}པ་དང་། གང་དགེ་འདུན་ལ་ནེམ་ནུར་{མྱེད་,མེད་}པ་དང་། གང་སངས་རྒྱས་ལ་ཤིན་ཏུ་རྟོན་པ་དང་། གང་ཆོས་ལ་ཤིན་ཏུ་རྟོན་པ་དང་། གང་དགེ་འདུན་ལ་ཤིན་ཏུ་རྟོན་པ་དེ་ལྟ་བུ་ནི་ཇི་སྙེད་
D8.018.0269b04.01ཅིག་ཡོད། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འཛམ་བུའི་གླིང་གི་{མྱི་,མི་}གང་སངས་རྒྱས་ལ་མོས་པ་{མྱི་,མི་}ཕྱེད་པ་དང་ལྡན་པ་དང་། གང་ཆོས་ལ་མོས་པ་མི་ཕྱེད་པ་དང་ལྡན་པ་དང་། གང་དགེ་འདུན་ལ་མོས་པ་{མྱི་,མི་}ཕྱེད་པ་དང་ལྡན་པ་དང་།
D8.018.0269b05.01གང་སངས་རྒྱས་ལ་ནེམ་ནུར་མ་མཆིས་པ་དང་། གང་ཆོས་ལ་ནེམ་ནུར་མ་མཆིས་པ་དང་། གང་དགེ་འདུན་ལ་ནེམ་ནུར་མ་མཆིས་པ་དང་། གང་སངས་རྒྱས་ལ་ཤིན་ཏུ་རྟོན་པ་དང་། གང་ཆོས་ལ་ཤིན་ཏུ་རྟོན་པ་དང་། གང་དགེ་འདུན་ལ་ཤིན་
D8.018.0269b06.01ཏུ་རྟོན་པ་དེ་ལྟ་བུ་ནི་ཉུང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། འཛམ་བུའི་གླིང་གི་{མྱི་,མི་}ལས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཐོབ་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་{མྱི་,མི་}
D8.018.0269b07.01