完整藏文原文 · 德格版页 当前仅加载第 18 函德格 262a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པ་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་{དམྱིགས་,དམིགས་}པ་མ་མཆིས། དེ་སོ་སོ་ཡང་དག་པར་རིག་པ་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་{དམྱིགས་,དམིགས་}པ་མ་མཆིས།
D8.018.0262a01.01དེ་བྱམས་པ་ཆེན་པོ་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་{དམྱིགས་,དམིགས་}པ་མ་མཆིས། དེ་སྙིང་རྗེ་ཆེན་པོ་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་{དམྱིགས་,དམིགས་}པ་མ་མཆིས། དེ་སངས་
D8.018.0262a02.01རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་{དམྱིགས་,དམིགས་}པ་མ་མཆིས་ཏེ། བཅོམ་ལྡན་འདས་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའ་སེམས་
D8.018.0262a03.01དཔའ་ཆེན་པོ་ཡོངས་སུ་འདུལ་བ་དང་། ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ། །དེ་ཐམས་ཅད་ཤེས་པ་ཉིད་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་{དམྱིགས་,དམིགས་}པ་མ་མཆིས། དེ་ལམ་གྱི་རྣམ་པ་ཤེས་པ་
D8.018.0262a04.01ཉིད་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་{དམྱིགས་,དམིགས་}པ་མ་མཆིས། དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་{དམྱིགས་,དམིགས་}པ་མ་མཆིས་ཏེ།
D8.018.0262a05.01བཅོམ་ལྡན་འདས་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་འདུལ་བ་དང་། ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ། །ཤེས་རབ་ཀྱི་ཕ་{རོལད་,རོལ་}ཏུ་{ཕྱིནད་,ཕྱིན་}པ་
D8.018.0262a06.01སྟོང་ཕྲག་བརྒྱ་པ་ལས། ལེའུ་བཅུ་བདུན་ནོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་{ཕྱིནད་,ཕྱིན་}
D8.018.0262a07.01