藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 217a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱི་མཐའ་དང་དབུས་{མྱི་,མི་}{དམྱིགས་,དམིགས་}སོ། །ཀཽ་ཤི་ཀ་ངོ་བོ་ཉིད་སྟོང་

D8.018.0217a01.01
2

པ་ཉིད་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མཐའ་དང་དབུས་{མྱི་,མི་}{དམྱིགས་,དམིགས་}སོ། །ཀཽ་ཤི་ཀ་དངོས་པོ་{མྱེད་,མེད་}

D8.018.0217a02.01
3

པའི་ངོ་བོ་ཉིད་སྟོང་པ་ཉིད་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མཐའ་དང་དབུས་{མྱི་,མི་}{དམྱིགས་,དམིགས་}

D8.018.0217a03.01
4

སོ། །ཀཽ་ཤི་ཀ་དྲན་པ་ཉེ་བར་གཞག་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་མཐའ་དང་དབུས་{མྱི་,མི་}

D8.018.0217a04.01
5

{དམྱིགས་,དམིགས་}སོ། །ཀཽ་ཤི་ཀ་ཡང་དག་པར་སྤོང་བ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཡང་དག་པར་སྤོང་བ་རྣམས་ཀྱི་མཐའ་དང་

D8.018.0217a05.01
6

དབུས་{མྱི་,མི་}{དམྱིགས་,དམིགས་}སོ། །ཀཽ་ཤི་ཀ་རྫུ་འཕྲུལ་གྱི་རྐང་པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རྫུ་འཕྲུལ་གྱི་རྐང་པ་རྣམས་

D8.018.0217a06.01
7

ཀྱི་མཐའ་དང་དབུས་{མྱི་,མི་}{དམྱིགས་,དམིགས་}སོ། །ཀཽ་ཤི་ཀ་དབང་པོ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་དབང་པོ་རྣམས་ཀྱི་མཐའ་

D8.018.0217a07.01