藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 11a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །དབང་པོ་རྣམས་སྨོན་པ་{མྱེད་,མེད་}ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། སྨོན་པ་{མྱེད་,མེད་}པ་དབང་པོ་རྣམས་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །དབང་པོ་རྣམས་སྐྱེ་

D8.018.0011a01.01
2

བ་{མྱེད་,མེད་}ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། སྐྱེ་བ་{མྱེད་,མེད་}པ་དབང་པོ་རྣམས་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །དབང་པོ་རྣམས་འགག་པ་{མྱེད་,མེད་}ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། འགག་པ་{མྱེད་,མེད་}པ་དབང་པོ་རྣམས་

D8.018.0011a02.01
3

ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །དབང་པོ་རྣམས་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། ཞི་བ་དབང་པོ་རྣམས་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །དབང་པོ་རྣམས་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར།

D8.018.0011a03.01
4

དབེན་པ་དབང་པོ་རྣམས་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །སྟོབས་རྣམས་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། སྟོང་པ་ཉིད་སྟོབས་རྣམས་ཤེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །སྟོབས་རྣམས་མཚན་མ་{མྱེད་,མེད་}ཅེས་བྱ་བར་

D8.018.0011a04.01
5

རྣམ་པར་རྟོག་པར་{མྱི་,མི་}འགྱུར། མཚན་མ་{མྱེད་,མེད་}པ་སྟོབས་རྣམས་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །སྟོབས་རྣམས་སྨོན་པ་{མྱེད་,མེད་}ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། སྨོན་པ་{མྱེད་,མེད་}པ་སྟོབས་རྣམས་ཞེས་བྱ་བར་རྣམ་པར་རྟོག་པར་

D8.018.0011a05.01
6

{མྱི་,མི་}འགྱུར་རོ། །སྟོབས་རྣམས་སྐྱེ་བ་{མྱེད་,མེད་}ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། སྐྱེ་བ་{མྱེད་,མེད་}པ་སྟོབས་རྣམས་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། སྟོབས་རྣམས་འགག་པ་{མྱེད་,མེད་}ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། འགག་

D8.018.0011a06.01
7

པ་{མྱེད་,མེད་}པ་སྟོབས་རྣམས་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །སྟོབས་རྣམས་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། ཞི་བ་སྟོབས་རྣམས་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །སྟོབས་རྣམས་དབེན་ཞེས་བྱ་བར་

D8.018.0011a07.01