shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 105b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 105b
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 18 函 · 德格 105b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文འདི་ལྟར་ལམ་གྱི་རྣམ་པ་ཤེས་པ་ཉིད་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་རང་བཞིན་གྱིས་{མྱེད་,མེད་}ཅིང་{མྱི་,མི་}{དམྱིགས་,དམིགས་}སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐྱེ་བ་{མྱི་,མི་}མཐོང་། འགག་པ་{མྱི་,མི་}མཐོང་། བླང་བ་{མྱི་,མི་}མཐོང་། དོར་བ་{མྱི་,མི་}མཐོང་། ཀུན་ནས་ཉོན་མོངས་པ་{མྱི་,མི་}མཐོང་། རྣམ་པར་བྱང་བ་{མྱི་,མི་}མཐོང་། {སྩོགས་,སོགས་}པ་{མྱི་,མི་}མཐོང་། འབྲི་བ་{མྱི་,མི་}མཐོང་། འགྲིབ་པ་{མྱི་,མི་}མཐོང་། འཕེལ་བ་{མྱི་,མི་}མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་གྱིས་{མྱེད་,མེད་}
ཅིང་{མྱི་,མི་}{དམྱིགས་,དམིགས་}སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་སྐྱེ་བ་{མྱེད་,མེད་}པ་དང་། འགག་པ་{མྱེད་,མེད་}པ་དང་། བླང་བ་{མྱེད་,མེད་}པ་དང་། དོར་བ་{མྱེད་,མེད་}པ་དང་། ཀུན་ནས་ཉོན་མོངས་པ་{མྱེད་,མེད་}པ་དང་། རྣམ་པར་བྱང་བ་{མྱེད་,མེད་}པ་དང་། {སྩོགས་,སོགས་}པ་{མྱེད་,མེད་}པ་དང་། འབྲི་བ་{མྱེད་,མེད་}པ་དང་། འགྲིབ་པ་{མྱེད་,མེད་}པ་དང་། འཕེལ་བ་{མྱེད་,མེད་}པའི་ཕྱིར་{མྱི་,མི་}སློབ་{མྱི་,མི་}འབྱུང་བའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་ངོ་། །
དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་{རོལད་,རོལ་}ཏུ་{ཕྱིནད་,ཕྱིན་}པ་གང་ནས་བཙལ་བར་བྱ། །ཤ་ར་དྭ་ཏིའི་བུས་སྨྲས་པ། ལྷའི་དབང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རབ་འབྱོར་ཀྱི་ལེའུ་ལས་བཙལ་བར་བྱའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་
སྨྲས་སོ། །བཙུན་པ་རབ་འབྱོར་འཕགས་པ་ཤ་ར་དྭ་ཏིའི་བུས། འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རབ་འབྱོར་ཀྱི་ལེའུ་ལས་བཙལ་བར་བྱའོ་ཞེས་སྨྲས་ཏེ། དེ་ནི་ཁྱོད་ཀྱི་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 105b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。