藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 72a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སུ་བྱར་{མྱེད་,མེད་}པར་ཡང་དག་པར་སྤོང་བ་རྣམས་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་{མྱེད་,མེད་}པར་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་{མྱེད་,མེད་}པར་དབང་པོ་རྣམས་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་{མྱེད་,མེད་}པར་སྟོབས་རྣམས་ལ་སློབ་བོ། །དེ་ནི་

D8.018.0072a01.01
2

གཉིས་སུ་བྱར་{མྱེད་,མེད་}པར་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་{མྱེད་,མེད་}པར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་{མྱེད་,མེད་}པར་འཕགས་པའི་བདེན་པ་རྣམས་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་{མྱེད་,མེད་}པར་བསམ་གཏན་རྣམས་ལ་

D8.018.0072a02.01
3

སློབ་བོ། །དེ་ནི་གཉིས་སུ་བྱར་{མྱེད་,མེད་}པར་ཚད་{མྱེད་,མེད་}པ་རྣམས་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་{མྱེད་,མེད་}པར་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་{མྱེད་,མེད་}པར་རྣམ་པར་ཐར་པ་རྣམས་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་{མྱེད་,མེད་}པར་མཐར་ཀྱིས་

D8.018.0072a03.01
4

གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་{མྱེད་,མེད་}པར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་{མྱེད་,མེད་}པར་མངོན་པར་ཤེས་པ་རྣམས་ལ་སློབ་བོ། །དེ་ནི་གཉིས་སུ་

D8.018.0072a04.01
5

བྱར་{མྱེད་,མེད་}པར་ཏིང་ངེ་འཛིན་རྣམས་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་{མྱེད་,མེད་}པར་གཟུངས་ཀྱི་སྒོ་རྣམས་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་{མྱེད་,མེད་}པར་དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་{མྱེད་,མེད་}པར་{མྱི་,མི་}འཇིགས་པ་རྣམས་ལ་སློབ་བོ། །དེ་ནི་

D8.018.0072a05.01
6

གཉིས་སུ་བྱར་{མྱེད་,མེད་}པར་སོ་སོ་ཡང་དག་པར་རིག་པ་རྣམས་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་{མྱེད་,མེད་}པར་བྱམས་པ་ཆེན་པོ་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་{མྱེད་,མེད་}པར་སྙིང་རྗེ་ཆེན་པོ་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་{མྱེད་,མེད་}པར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ལ་སློབ་

D8.018.0072a06.01
7

བོ། །དེ་ནི་གཉིས་སུ་བྱར་{མྱེད་,མེད་}པར་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་{མྱེད་,མེད་}པར་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་{མྱེད་,མེད་}པར་ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་{མྱེད་,མེད་}པར་དགྲ་བཅོམ་

D8.018.0072a07.01