shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 327a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 327a
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 18 函 · 德格 327a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文ཡིད་ལ་བྱེད་པ་དང་། བྲིས་ཤིང་དེ་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱེད་པ་དང་།བཀུར་སྟིར་བྱེད་པ་དང་། ཕུ་དུད་དུ་བྱེད་པ་དང་། མཆོད་པར་བྱེད་པ་དེ་ནི། ཕ་དང་། མ་དང་། གཉེན་བཤེས་དང་། རྒྱལ་པོ་དང་། བློན་པོ་དང་། དགེ་སྦྱོང་དང་། བྲམ་ཟེ་དག་གིས་དགོས་པར་བྱ་བ་ཡིན། ཕྱོགས་བཅུའི་འཇིག་རྟེན་གྱི་
ཁམས་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། རང་སངས་རྒྱས་དང་། དགྲ་བཅོམ་པ་དང་། ཕྱིར་{མྱི་,མི་}འོང་བ་དང་། ལན་ཅིག་ཕྱིར་འོང་བ་དང་། རྒྱུན་ཏུ་ཞུགས་པ་གང་ཇི་སྙེད་ཡོད་པ་དེ་དག་གིས་ཀྱང་དགོས་ཤིང་ཡིད་དུ་འོང་བར་བྱ་བ་ཡིན། འཇིག་རྟེན་ལྷ་དང་བཅས་པ་བདུད་དང་བཅས་པ། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་། {མྱི་,མི་}དང་
ལྷ་མ་ཡིན་དུ་བཅས་པས་ཀྱང་དགོས་ཤིང་ཡིད་དུ་འོང་བར་བྱ་བ་ཡིན། སྤོབས་པ་{མྱི་,མི་}འཕྲོགས་པར་འགྱུར་བ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་{མྱི་,མི་}འཕྲོགས་པར་འགྱུར་བ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་{མྱི་,མི་}འཕྲོགས་པར་འགྱུར་བ་ཡིན།བཟོད་པའི་ཕ་རོལ་ཏུ་ཕྱིན་པ་{མྱི་,མི་}འཕྲོགས་པར་འགྱུར་བ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་{མྱི་,མི་}འཕྲོགས་པར་འགྱུར་བ་ཡིན། བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པ་{མྱི་,མི་}འཕྲོགས་པར་འགྱུར་བ་ཡིན། ཤེས་རབ་ཀྱི་ཕ་{རོལད་,རོལ་}ཏུ་{ཕྱིནད་,ཕྱིན་}པ་{མྱི་,མི་}
འཕྲོགས་པར་འགྱུར་བ་ཡིན། ནང་སྟོང་པ་ཉིད་སྒོམ་པ་{མྱི་,མི་}འཕྲོགས་པར་འགྱུར་བ་ཡིན། ཕྱི་སྟོང་པ་ཉིད་སྒོམ་པ་{མྱི་,མི་}འཕྲོགས་པར་འགྱུར་བ་ཡིན། ཕྱི་ནང་སྟོང་པ་ཉིད་སྒོམ་པ་{མྱི་,མི་}འཕྲོགས་པར་འགྱུར་བ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་སྒོམ་པ་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 327a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。