完整藏文原文 · 德格版页 当前仅加载第 18 函德格 52b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཉིད་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་{མྱི་,མི་}འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་
D8.018.0052b01.01དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་{མྱི་,མི་}འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་{མྱི་,མི་}འགལ་
D8.018.0052b02.01བར་བསྟན་ཏོ། །ཀཽ་ཤི་ཀ་ངོ་བོ་ཉིད་སྟོང་པ་ཉིད་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་
D8.018.0052b03.01བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་{མྱི་,མི་}འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ནི་{མྱི་,མི་}འགལ་རྣམ་པར་{མྱི་,མི་}འགལ་ལོ། །
D8.018.0052b04.01གང་{མྱི་,མི་}འགལ་རྣམ་པར་{མྱི་,མི་}འགལ་བ་དེ། གནས་བརྟན་རབ་འབྱོར་གྱིས་བསྟན་ཏེ་འགལ་བ་{མྱེད་,མེད་}དོ། །ཀཽ་ཤི་ཀ་དྲན་པ་ཉེ་བར་གཞག་པ་རྣམས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་
D8.018.0052b05.01རབ་འབྱོར་གྱིས་{མྱི་,མི་}འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ཡང་དག་པར་སྤོང་བ་རྣམས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་{མྱི་,མི་}འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་རྫུ་
D8.018.0052b06.01འཕྲུལ་གྱི་རྐང་པ་རྣམས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་{མྱི་,མི་}འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་དབང་པོ་རྣམས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་
D8.018.0052b07.01