藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 196a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ལྟ་སྟེ་དཔེར་ན། ནམ་མཁའ་དཔག་པ་ནི་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །ཀཽ་ཤི་ཀ་དེ་བཞིན་དུ་རེག་གི་དཔག་པ་ཡང་{དམྱིགས་,དམིགས་}སུ་{མྱེད་,མེད་}དེ། །ནམ་མཁའ་དཔག་ཏུ་{མྱེད་,མེད་}པའི་ཕྱིར་རེག་དཔག་ཏུ་{མྱེད་,མེད་}དོ། །རེག་དཔག་ཏུ་{མྱེད་,མེད་}པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

D8.018.0196a01.01
2

པ་དཔག་ཏུ་{མྱེད་,མེད་}དོ། །ཀཽ་ཤི་ཀ་ཆོས་དཔག་ཏུ་{མྱེད་,མེད་}པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དཔག་ཏུ་{མྱེད་,མེད་}པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཆོས་ཀྱི་དཔག་པ་ནི་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །

D8.018.0196a02.01
3

ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་དཔག་པ་ནི་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །ཀཽ་ཤི་ཀ་དེ་བཞིན་དུ་ཆོས་ཀྱི་དཔག་པ་ཡང་{དམྱིགས་,དམིགས་}སུ་{མྱེད་,མེད་}དེ། ནམ་མཁའ་དཔག་ཏུ་{མྱེད་,མེད་}པའི་ཕྱིར་ཆོས་དཔག་ཏུ་{མྱེད་,མེད་}དོ། །ཆོས་དཔག་ཏུ་{མྱེད་,མེད་}པའི་ཕྱིར་ཤེས་རབ་ཀྱི་ཕ་

D8.018.0196a03.01
4

རོལ་ཏུ་ཕྱིན་པ་དཔག་ཏུ་{མྱེད་,མེད་}དོ། །ཀཽ་ཤི་ཀ་{མྱིག་,མིག་}གི་རྣམ་པར་ཤེས་པ་དཔག་ཏུ་{མྱེད་,མེད་}པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དཔག་ཏུ་{མྱེད་,མེད་}པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་

D8.018.0196a04.01
5

{མྱིག་,མིག་}གི་རྣམ་པར་ཤེས་པའི་དཔག་པ་ནི་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་དཔག་པ་ནི་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །ཀཽ་ཤི་ཀ་དེ་བཞིན་དུ་{མྱིག་,མིག་}གི་རྣམ་པར་ཤེས་པའི་དཔག་པ་ཡང་{དམྱིགས་,དམིགས་}སུ་{མྱེད་,མེད་}དེ། ནམ་མཁའ་

D8.018.0196a05.01
6

དཔག་ཏུ་{མྱེད་,མེད་}པའི་ཕྱིར། {མྱིག་,མིག་}གི་རྣམ་པར་ཤེས་པ་དཔག་ཏུ་{མྱེད་,མེད་}དོ། །{མྱིག་,མིག་}གི་རྣམ་པར་ཤེས་པ་དཔག་ཏུ་{མྱེད་,མེད་}པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔག་ཏུ་{མྱེད་,མེད་}དོ། །ཀཽ་ཤི་ཀ་རྣ་བའི་རྣམ་པར་ཤེས་པ་དཔག་ཏུ་{མྱེད་,མེད་}པའི་ཕྱིར། བྱང་

D8.018.0196a06.01
7

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དཔག་ཏུ་{མྱེད་,མེད་}པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རྣ་བའི་རྣམ་པར་ཤེས་པའི་དཔག་པ་ནི་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་

D8.018.0196a07.01