完整藏文原文 · 德格版页 当前仅加载第 18 函德格 137b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བྱམས་པ་ཆེན་པོ་ལས་ཀྱང་བཙལ་བར་{མྱི་,མི་}བྱ། བྱམས་པ་ཆེན་པོ་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་བྱམས་པ་ཆེན་པོ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་
D8.018.0137b01.01ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་{མྱི་,མི་}ལྡན་པ་ཡང་མ་ཡིན། གཟུགས་{མྱེད་,མེད་}པ། བལྟར་{མྱེད་,མེད་}པ། ཐོགས་པ་{མྱེད་,མེད་}པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་{མྱེད་,མེད་}པའོ། །ཀཽ་ཤི་ཀ་གཞན་ཡང་
D8.018.0137b02.01བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྙིང་རྗེ་ཆེན་པོ་ལས་ཀྱང་བཙལ་བར་{མྱི་,མི་}བྱ། སྙིང་རྗེ་ཆེན་པོ་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་སྙིང་རྗེ་ཆེན་པོ་གང་ཡིན་པ་
D8.018.0137b03.01དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་{མྱི་,མི་}ལྡན་པ་ཡང་མ་ཡིན། གཟུགས་{མྱེད་,མེད་}པ། བལྟར་{མྱེད་,མེད་}པ། ཐོགས་པ་{མྱེད་,མེད་}པ།
D8.018.0137b04.01མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་{མྱེད་,མེད་}པའོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལས་ཀྱང་བཙལ་བར་{མྱི་,མི་}བྱ། སངས་རྒྱས་
D8.018.0137b05.01ཀྱི་ཆོས་མ་འདྲེས་པ་རྣམས་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་
D8.018.0137b06.01ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་{མྱི་,མི་}ལྡན་པ་ཡང་མ་ཡིན། གཟུགས་{མྱེད་,མེད་}པ། བལྟར་{མྱེད་,མེད་}པ། ཐོགས་པ་{མྱེད་,མེད་}པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་{མྱེད་,མེད་}པའོ། །ཀཽ་ཤི་ཀ་
D8.018.0137b07.01