shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 257a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 257a
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 18 函 · 德格 257a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文བསམ་གཏན་ལ་སྙོམས་པར་འཇུག་ཀྱང་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་འགྱུར་རོ། །ཤེས་རབ་སྒོམ་ཡང་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་འགྱུར་རོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ།
དྲན་པ་སྐྱེ་བར་འགྱུར་ཏེ། གལ་ཏེ་བདག་གིས་སྦྱིན་པ་མ་བཏང་ན། ངན་སོང་གི་རྒྱུད་དུ་སྐྱེ་བར་འགྱུར་ཏེ། བདག་གིས་སེམས་ཅན་ཡོངས་སུ་སྨྱིན་པར་ཡང་{མྱི་,མི་}འགྱུར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ཡང་{མྱི་,མི་}འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ཡང་{མྱི་,མི་}འགྱུར་རོ། །གལ་ཏེ་བདག་གིས་ཚུལ་ཁྲིམས་མ་བསྲུངས་ན། ངན་སོང་གསུམ་དུ་སྐྱེ་བར་འགྱུར་ཏེ། {མྱིའི་,མིའི་}ལུས་ཐོབ་པར་ཡང་{མྱི་,མི་}འགྱུར། བདག་གིས་སེམས་ཅན་ཡོངས་སུ་སྨྱིན་པར་ཡང་{མྱི་,མི་}
འགྱུར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ཡང་{མྱི་,མི་}འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ཡང་{མྱི་,མི་}འགྱུར་རོ། །གལ་ཏེ་བདག་གིས་བཟོད་པ་མ་བསྒོམས་ན་བདག་གི་དབང་པོ་རྣམས་ཀྱང་ཉམས་པར་འགྱུར།བདག་གི་བཞིན་གྱི་དཀྱིལ་འཁོར་ཡང་གཟི་{མྱེད་,མེད་}པར་འགྱུར། གཟུགས་ཕུན་སུམ་ཚོགས་པར་ཡང་འཐོབ་པར་{མྱི་,མི་}འགྱུར་ཏེ། གཟུགས་ཕུན་སུམ་ཚོགས་པ་གང་གིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། མཐོང་མ་ཐག་ཏུ་
སེམས་ཅན་རྣམས་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གདོན་{མྱི་,མི་}ཟ་བར་འགྱུར་བ་དེ་ལྟ་བུ་འང་{མྱེད་,མེད་}པར་འགྱུར་ཏེ། གཟུགས་ཕུན་སུམ་ཚོགས་པས་སེམས་ཅན་ཡོངས་སུ་སྨྱིན་པར་ཡང་{མྱི་,མི་}འགྱུར། སངས་རྒྱས་ཀྱི་ཞིང་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 257a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。