完整藏文原文 · 德格版页 当前仅加载第 18 函德格 167a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་{མྱེད་,མེད་}དོ། །ཐམས་ཅད་ཤེས་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཐམས་ཅད་ཤེས་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་{མྱེད་,མེད་}དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་
D8.018.0167a01.01ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་{མྱེད་,མེད་}དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་
D8.018.0167a02.01བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་{མྱེད་,མེད་}དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་{མྱེད་,མེད་}དོ། །རྣམ་
D8.018.0167a03.01པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་{མྱེད་,མེད་}དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།
D8.018.0167a04.01རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་{མྱེད་,མེད་}དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་
D8.018.0167a05.01ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་{མྱེད་,མེད་}དོ།། །།ཤེས་རབ་ཀྱི་ཕ་{རོལད་,རོལ་}ཏུ་{ཕྱིནད་,ཕྱིན་}པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གསུམ་པ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་གནས་བརྟན་རབ་{འབྱོརད་,འབྱོར་}ལ་འདི་སྐད་ཅེས་
D8.018.0167a06.01སྨྲས་སོ། །བཙུན་པ་རབ་{འབྱོརད་,འབྱོར་}བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་{རོལད་,རོལ་}ཏུ་{ཕྱིནད་,ཕྱིན་}པ་འདི་ནི་ཆེ་བ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་{རོལད་,རོལ་}ཏུ་{ཕྱིནད་,ཕྱིན་}པའོ། །བཙུན་པ་རབ་{འབྱོརད་,འབྱོར་}བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་
D8.018.0167a07.01