shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 263a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 263a
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 18 函 · 德格 263a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文ནས་ལྡང་བའི་མཚོན་དང་མདའ་ཡང་བཅོམ། བདག་གི་བག་ལ་ཉལ་བའི་མཚོན་དང་མདའ་ཡང་བཅོམ། གཞན་གྱི་བག་ལ་ཉལ་བའི་མཚོན་དང་མདའ་ཡང་བཅོམ་པའི་ཕྱིར་ཏེ། ཀཽ་ཤི་ཀ་རྣམ་གྲངས་དེས་ན། རིགས་ཀྱི་བུ་འམ།རིགས་ཀྱི་བུ་མོ་དེ་ག་ཡུལ་དུ་ཕྱིན་པའི་ཚེ། ལུས་ལ་མཚོན་ཏམ་མདས་ཕོག་ཅིང་ཟུག་པར་{མྱི་,མི་}འགྱུར་རོ། །ཀཽ་ཤི་ཀ་གཞན་ཡང་གལ་ཏེ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་ཅིང་འཆང་བ་དང་།
ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། ཐམས་ཅད་མཁྱེན་པའི་སེམས་དང་ཡང་{མྱི་,མི་}འབྲལ་ན། དེ་ལ་ལ་ལ་ཞིག་གིས་དུག་གིས་གཏོར་ཏམ། བྱད་བྱས་སམ། {མྱེའི་,མེའི་}འོབས་སུ་བརྔོད་དམ། མཚོན་གྱིས་བཏབ་བམ།དུག་བླུད་དམ། ཆུར་བོར་ཡང་རུང་སྟེ། དེ་དག་ཐམས་ཅད་ཀྱིས་དེ་ལ་གནོད་པར་{མྱི་,མི་}འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིག་སྔགས་ཆེན་མོའོ། །ཀཽ་ཤི་ཀ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་འདི་ནི་རིག་སྔགས་བླ་ན་{མྱེད་,མེད་}པའོ། །ཀཽ་ཤི་ཀ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིག་སྔགས་གོང་ན་{མྱེད་,མེད་}པ་སྟེ། རིག་སྔགས་འདི་ལ་སློབ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ནི་བདག་ལ་ཡང་གནོད་པར་{མྱི་,མི་}བྱེད།གཞན་ལ་ཡང་གནོད་པར་{མྱི་,མི་}བྱེད། གཉིས་ཀ་ལ་ཡང་གནོད་པར་{མྱི་,མི་}བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་འདི་ལ་སློབ་པའི་ཚེ། བདག་{མྱི་,མི་}{དམྱིགས,དམིགས}། སེམས་ཅན་{མྱི་,མི་}{དམྱིགས,དམིགས}། སྲོག་{མྱི་,མི་}{དམྱིགས,དམིགས}། འགྲོ་བ་{མྱི་,མི་}{དམྱིགས,དམིགས}། །
གསོ་བ་{མྱི་,མི་}{དམྱིགས,དམིགས}། སྐྱེས་བུ་{མྱི་,མི་}{དམྱིགས,དམིགས}། གང་ཟག་{མྱི་,མི་}{དམྱིགས,དམིགས}། ཤེད་ཅན་{མྱི་,མི་}{དམྱིགས,དམིགས}། ཤེད་བདག་{མྱི་,མི་}{དམྱིགས,དམིགས}། བྱེད་པ་པོ་{མྱི་,མི་}{དམྱིགས,དམིགས}། ཚོར་བ་པོ་{མྱི་,མི་}{དམྱིགས,དམིགས}། ཤེས་པ་པོ་{མྱི་,མི་}{དམྱིགས,དམིགས}། མཐོང་བ་པོ་{མྱི་,མི་}{དམྱིགས་,དམིགས་}སོ། །
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 263a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。