shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 295b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 295b
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 16 函 · 德格 295b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文དེ་ནི་འདི་ལྟར་བདག་གང་ཡིན་པ་དང་། སེམས་ཅན་གང་ཡིན་པ་དང་། སྲོག་གང་ཡིན་པ་དང་། འགྲོ་བ་གང་ཡིན་པ་དང་། གསོ་བ་གང་ཡིན་པ་དང་། སྐྱེས་བུ་གང་ཡིན་པ་དང་། གང་ཟག་གང་ཡིན་པ་དང་། ཤེད་ཅན་གང་ཡིན་པ་དང་། ཤེད་བདག་གང་ཡིན་པ་དང་།བྱེད་པ་པོ་གང་ཡིན་པ་དང་། ཚོར་བ་པོ་གང་ཡིན་པ་དང་། ཤེས་པ་པོ་གང་ཡིན་པ་དང་། མཐོང་བ་པོ་གང་ཡིན་པ་དང་། བསམ་གྱིས་{མྱི་,མི་}ཁྱབ་པའི་དབྱིངས་གང་ཡིན་པ་དང་། ཉན་ཐོས་ཀྱི་ཐེག་པ་གང་ཡིན་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་གང་ཡིན་པ་དང་། སངས་རྒྱས་ཀྱི་ཐེག་པ་གང་ཡིན་པ་
དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། {མྱི་,མི་}འཇལ་བ་གང་ཡིན་པ་དང་། {མྱི་,མི་}འགྲངས་པ་གང་ཡིན་པ་དང་། {མྱི་,མི་}དཔོགས་པ་གང་ཡིན་པ་དང་། ཆོས་ཐམས་ཅད་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་{དམྱིགས་,དམིགས་}སུ་{མྱེད་,མེད་}པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མྱ་ངན་ལས་འདས་པའི་དབྱིངས་ནི་སེམས་ཅན་ཚད་{མྱེད་,མེད་}གྲངས་{མྱེད་,མེད་}དཔག་ཏུ་{མྱེད་,མེད་}པའི་གོ་འབྱེད་དོ། །དེ་བཞིན་དུ་
ཐེག་པ་ཆེན་པོ་དེ་ཡང་སེམས་ཅན་ཚད་{མྱེད་,མེད་}གྲངས་{མྱེད་,མེད་}དཔག་ཏུ་{མྱེད་,མེད་}པའི་གོ་འབྱེད་དོ། །རབ་འབྱོར་ནམ་མཁའ་ནི་སེམས་ཅན་ཚད་{མྱེད་,མེད་}གྲངས་{མྱེད་,མེད་}དཔག་ཏུ་{མྱེད་,མེད་}པའི་གོ་འབྱེད་དོ། །དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་སེམས་ཅན་ཚད་{མྱེད་,མེད་}གྲངས་{མྱེད་,མེད་}དཔག་ཏུ་{མྱེད་,མེད་}པའི་གོ་འབྱེད་དོ། །རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་ཆེན་པོ་དེ་ལ་འོང་བའམ་འགྲོ་བ་ཞེས་བྱ་བ་ཡང་{མྱེད,མེད}། གནས་པ་ཞེས་བྱ་བ་ཡང་{མྱེད་,མེད་}དོ་ཞེས་སྨྲས་པ་ནི། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཐེག་པ་ཆེན་པོ་
དེ་ལ་འགྲོ་བའམ་འོང་བ་{མྱེད་,མེད་}དེ། གནས་པ་ཡང་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་གཡོ་བ་{མྱེད་,མེད་}པ་སྟེ། དེ་དག་གང་ནས་ཀྱང་འོང་བ་{མྱེད་,མེད་}དོ། །གང་དུ་ཡང་འགྲོ་བ་{མྱེད་,མེད་}དོ། །གར་ཡང་གནས་པར་འགྱུར་བ་{མྱེད་,མེད་}དོ། །
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 295b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。