藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 47a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཤེས་པ་འབྱུང་བ་{མྱེད་,མེད་}པ་ལ་གནས་མེད་དོ། །རྣམ་པར་ཤེས་པ་མི་{དམྱིགས་,དམིགས་}པ་ལ་གནས་མེད་དོ། །རབ་འབྱོར་མིང་དང་གཟུགས་སྐྱེ་བ་མེད་པ་ལ་གནས་མེད་དོ། །མིང་དང་གཟུགས་འགག་པ་མེད་པ་ལ་གནས་མེད་དོ། །མིང་དང་

D8.016.0047a01.01
2

གཟུགས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །མིང་དང་གཟུགས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །མིང་དང་གཟུགས་འབྱུང་བ་མེད་པ་ལ་གནས་མེད་དོ། །མིང་དང་གཟུགས་མི་{དམྱིགས་,དམིགས་}པ་ལ་གནས་མེད་

D8.016.0047a02.01
3

དོ། །རབ་འབྱོར་སྐྱེ་མཆེད་དྲུག་སྐྱེ་བ་མེད་པ་ལ་གནས་{མྱེད་,མེད་}དོ། །སྐྱེ་མཆེད་དྲུག་འགག་པ་མེད་པ་ལ་གནས་མེད་དོ། །སྐྱེ་མཆེད་དྲུག་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་{མྱེད་,མེད་}པ་ལ་གནས་མེད་དོ། །སྐྱེ་མཆེད་དྲུག་མངོན་པར་འདུ་བྱ་བ་{མྱེད་,མེད་}པ་ལ་

D8.016.0047a03.01
4

གནས་མེད་དོ། །སྐྱེ་མཆེད་དྲུག་འབྱུང་བ་མེད་པ་ལ་གནས་མེད་དོ། །སྐྱེ་མཆེད་དྲུག་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་རེག་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། །རེག་པ་འགག་པ་མེད་པ་ལ་གནས་མེད་དོ། །རེག་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་

D8.016.0047a04.01
5

རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །རེག་པ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །རེག་པ་འབྱུང་བ་མེད་པ་ལ་གནས་མེད་དོ། །རེག་པ་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་ཚོར་བ་སྐྱེ་བ་མེད་པ་ལ་གནས་མེད་དོ། །ཚོར་བ་འགག་པ་

D8.016.0047a05.01
6

{མྱེད་,མེད་}པ་ལ་གནས་མེད་དོ། །ཚོར་བ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་{མྱེད་,མེད་}དོ། །ཚོར་བ་མངོན་པར་འདུ་བྱ་བ་{མྱེད་,མེད་}པ་ལ་གནས་མེད་དོ། །ཚོར་བ་འབྱུང་བ་མེད་པ་ལ་གནས་མེད་དོ། །ཚོར་བ་{མྱི་,མི་}དམིགས་པ་ལ་གནས་མེད་དོ། །

D8.016.0047a06.01
7

རབ་འབྱོར་སྲེད་པ་སྐྱེ་བ་{མྱེད་,མེད་}པ་ལ་གནས་མེད་དོ། །སྲེད་པ་འགག་པ་{མྱེད་,མེད་}པ་ལ་གནས་མེད་དོ། །སྲེད་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་{མྱེད་,མེད་}པ་ལ་གནས་{མྱེད་,མེད་}དོ། །སྲེད་པ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་{མྱེད་,མེད་}དོ། །སྲེད་པ་

D8.016.0047a07.01