完整藏文原文 · 德格版页 当前仅加载第 16 函德格 278a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བའི་འབྲས་བུ་{མྱེད་,མེད་}དོ། །དགྲ་བཅོམ་པ་ཉིད་{མྱེད་,མེད་}དོ། །དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་ཉན་ཐོས་ཀྱི་ས་{མྱེད་,མེད་}དོ། །རང་སངས་རྒྱས་ཀྱི་ས་{མྱེད་,མེད་}དོ། །བྱང་ཆུབ་སེམས་དཔའི་ས་{མྱེད་,མེད་}དོ། །
D8.016.0278a01.01ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་{མྱེད་,མེད་}དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་ཉན་ཐོས་ཀྱི་ས་{མྱེད,མེད}། རང་སངས་རྒྱས་ཀྱི་ས་{མྱེད,མེད}། བྱང་ཆུབ་སེམས་དཔའི་ས་{མྱེད,མེད}། ཡང་དག་
D8.016.0278a02.01པར་རྫོགས་པའི་སངས་རྒྱས་ཀྱི་ས་{མྱེད་,མེད་}དེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་གཟུགས་དང་ལྡན་པ་མ་ཡིན། གཟུགས་{མྱེད་,མེད་}པ་མ་ཡིན། བསྟན་དུ་ཡོད་པ་མ་ཡིན་
D8.016.0278a03.01བསྟན་དུ་{མྱེད་,མེད་}པ་མ་ཡིན། ཐོགས་པ་ཡོད་པ་མ་ཡིན། ཐོགས་པ་{མྱེད་,མེད་}པ་མ་ཡིན། ལྡན་པ་མ་ཡིན། {མྱི་,མི་}ལྡན་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གཟུགས་དང་ལྡན་པ་མ་ཡིན། གཟུགས་{མྱེད་,མེད་}པ་མ་ཡིན། བསྟན་ཏུ་ཡོད་པ་མ་ཡིན།
D8.016.0278a04.01བསྟན་ཏུ་{མྱེད་,མེད་}པ་མ་ཡིན། ཐོགས་པ་ཡོད་པ་མ་ཡིན། ཐོགས་པ་{མྱེད་,མེད་}པ་མ་ཡིན། ལྡན་པ་མ་ཡིན། {མྱི་,མི་}ལྡན་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །རབ་འབྱོར་འདི་ལྟ་
D8.016.0278a05.01སྟེ་དཔེར་ན། ནམ་མཁའ་ནི་རྟག་པ་མ་ཡིན། {མྱི་,མི་}རྟག་པ་མ་ཡིན། བདེ་བ་མ་ཡིན། སྡུག་བསྔལ་བ་མ་ཡིན། བདག་ཡོད་པ་མ་ཡིན། བདག་{མྱེད་,མེད་}པ་མ་ཡིན། སྡུག་པ་མ་ཡིན་{མྱི་,མི་}སྡུག་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་
D8.016.0278a06.01ཆེན་པོ་དེ་ཡང་རྟག་པ་མ་ཡིན། {མྱི་,མི་}རྟག་པ་མ་ཡིན། བདེ་བ་མ་ཡིན། སྡུག་བསྔལ་བ་མ་ཡིན། བདག་ཡོད་པ་མ་ཡིན། བདག་{མྱེད་,མེད་}པ་མ་ཡིན། སྡུག་པ་མ་ཡིན། {མྱི་,མི་}སྡུག་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་
D8.016.0278a07.01