完整藏文原文 · 德格版页 当前仅加载第 16 函德格 205b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པས། སངས་རྒྱས་མཐོང་བར་{མྱི་,མི་}འགྱུར་བའི་ཕྱིར་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སངས་རྒྱས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་{མྱི་,མི་}བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ལ་བརྟེན་
D8.016.0205b01.01པའི་ལྟ་བ་ལ་མངོན་པར་ཆགས་པར་{མྱི་,མི་}བྱ་ཞེ་ན། དེ་ནི་འདི་ལྟར་ཆོས་སུ་ལྟ་བ་ལ་བརྟེན་པས། ཆོས་མཐོང་བར་{མྱི་,མི་}འགྱུར་བའི་ཕྱིར་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཆོས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་{མྱི་,མི་}བྱའོ། །
D8.016.0205b02.01དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དགེ་འདུན་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་{མྱི་,མི་}བྱ་ཞེ་ན། དེ་ནི་འདི་ལྟར་དགེ་འདུན་དུ་ལྟ་བ་ལ་བརྟེན་པས། དགེ་འདུན་མཐོང་བར་{མྱི་,མི་}འགྱུར་བའི་ཕྱིར་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་
D8.016.0205b03.01སེམས་དཔའ་ཆེན་པོས། དགེ་འདུན་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་{མྱི་,མི་}བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཚུལ་ཁྲིམས་ལ་བརྟེན་པའི་ལྟ་བུ་ལ་མངོན་པར་ཆགས་པར་{མྱི་,མི་}བྱ་ཞེ་ན། དེ་ནི་འདི་ལྟར་ཚུལ་
D8.016.0205b04.01ཁྲིམས་སུ་ལྟ་བ་ལ་བརྟེན་པས། ཚུལ་ཁྲིམས་རྣམ་པར་དག་པར་{མྱི་,མི་}འགྱུར་བའི་ཕྱིར་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཚུལ་ཁྲིམས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་{མྱི་,མི་}བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་
D8.016.0205b05.01དཔའ་སེམས་དཔའ་ཆེན་པོས། ཆོས་རྣམས་སྟོང་ངོ་ཞེས་ཞུམ་པར་{མྱི་,མི་}བྱ་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་སྟོང་པ་མ་ཡིན་གྱི་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས།
D8.016.0205b06.01སྟོང་པ་ཉིད་ལ་ཞུམ་པར་{མྱི་,མི་}བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སྟོང་པ་ཉིད་དང་འགལ་བར་{མྱི་,མི་}བྱ་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་སྟོང་པ་བས། སྟོང་པ་ཉིད་ནི་སྟོང་པ་ཉིད་དང་འགལ་བར་{མྱི་,མི་}བྱེད་པའི་ཕྱིར་ཏེ།
D8.016.0205b07.01