完整藏文原文 · 德格版页 当前仅加载第 16 函德格 239a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
རང་གི་མཚན་ཉིད་སྟོང་པ་ཉིད་མི་དམིགས་པས། རང་གི་མཚན་ཉིད་སྟོང་པ་ཉིད་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རང་གི་མཚན་ཉིད་སྟོང་པ་ཉིད་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་
D8.016.0239a01.01ནོ། །མི་དམིགས་པ་སྟོང་པ་ཉིད་མི་དམིགས་པས། །མི་དམིགས་པ་སྟོང་པ་ཉིད་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མི་དམིགས་པ་སྟོང་པ་ཉིད་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །དངོས་
D8.016.0239a02.01པོ་{མྱེད་,མེད་}པ་སྟོང་པ་ཉིད་མི་དམིགས་པས། དངོས་པོ་མེད་པ་སྟོང་པ་ཉིད་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དངོས་པོ་མེད་པ་སྟོང་པ་ཉིད་དམིགས་སུ་{མྱེད་,མེད་}པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །ངོ་བོ་ཉིད་སྟོང་
D8.016.0239a03.01པ་ཉིད་མི་དམིགས་པས། ངོ་བོ་ཉིད་སྟོང་པ་ཉིད་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ངོ་བོ་ཉིད་སྟོང་པ་ཉིད་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་མི་
D8.016.0239a04.01དམིགས་པས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །དྲན་པ་ཉེ་
D8.016.0239a05.01བར་གཞག་པ་རྣམས་མི་དམིགས་པས། དྲན་པ་ཉེ་བར་གཞག་པ་རྣམས་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །ཡང་
D8.016.0239a06.01དག་པར་སྤོང་བ་རྣམས་མི་དམིགས་པས། ཡང་དག་པར་སྤོང་བ་རྣམས་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཡང་དག་པར་སྤོང་བ་རྣམས་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །རྫུ་འཕྲུལ་གྱི་
D8.016.0239a07.01