shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 79a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 79a
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 16 函 · 德格 79a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文པ་{མྱེད་,མེད་}དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །ཡང་དག་པར་སྤོང་བ་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །དབང་པོ་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །སྟོབས་རྣམས་ཀྱང་ཆགས་{མྱེད་,མེད་}དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་ཆགས་པ་{མྱེད་,མེད་}དོ། །འཕགས་པའི་བདེན་པ་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །བསམ་གཏན་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །ཚད་{མྱེད་,མེད་}པ་རྣམས་ཀྱང་ཆགས་པ་
{མྱེད་,མེད་}དོ། །གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །རྣམ་པར་ཐར་པ་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨྱོན་པ་{མྱེད་,མེད་}པ་ཡང་ཆགས་པ་{མྱེད་,མེད་}དོ། །མངོན་པར་ཤེས་པ་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །ཏིང་ངེ་འཛིན་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །གཟུངས་ཀྱི་སྒོ་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །
{མྱི་,མི་}འཇིགས་པ་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །སྙིང་རྗེ་ཆེན་པོ་ཡང་ཆགས་པ་{མྱེད་,མེད་}དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་ཆགས་པ་མེད་དོ། །ཐམས་ཅད་ཤེས་པ་ཉིད་ཀྱང་ཆགས་པ་{མྱེད་,མེད་}དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་ཆགས་པ་{མྱེད་,མེད་}དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཆགས་པ་{མྱེད་,མེད་}དོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཁྱོད་ཀྱིས་འདི་སྐད་དུ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དེ་ཡང་ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ་ཞེས་
སྨྲས་པ་ནི་དེ་ལྟ་ཡིན་ཏེ། ཚེ་དང་ལྡན་པ་རབ་འབྱོར་དེར་ཡང་མ་ཟད་དེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་སེམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སེམས་དང་། སངས་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 79a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。