shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 174b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 174b
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 16 函 · 德格 174b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文{མྱེད་,མེད་}པར་ཡང་དག་པར་རྗེས་སུ་མཐོང་བ་སྟེ། འདི་ནི་རྣམ་པ་འདོར་བ་{མྱེད་,མེད་}པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྤྱོད་པ་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་སྙོམས་པར་འཇུག་པ་དེ་དག་ལས་སྤྱོད་པ་རྣམ་པ་སྣ་ཚོགས་སྟོན་ཀྱང་གང་ལ་ཡང་འཛིན་པ་{མྱེད་,མེད་}པ་སྟེ། འདི་ནི་སྤྱོད་པ་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྟོགས་པས་སྲིད་པའི་གཞི་ཐམས་ཅད་ཁོང་དུ་ཆུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་རྟོགས་པར་བྱེད་པའི་ཡེ་ཤེས་ལ་ཞུགས་ནས།
དེ་ལ་ཞུགས་པའི་ཕྱིར་ཁོང་དུ་{མྱི་,མི་}ཆུད་པ་གང་ཡང་{མྱེད་,མེད་}པ་སྟེ། འདི་ནི་རྟོགས་པས་སྲིད་པའི་གཞི་ཐམས་ཅད་ཁོང་དུ་ཆུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་བརྡ་དང་སྒྲ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་བརྡ་དང་སྒྲ་ལ་འཇུག་པ་སྟེ། འདི་ནི་བརྡ་དང་སྒྲ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རིན་ཆེན་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་འགྱུར་བ་དང་འཇིགས་པ་{མྱེད་,མེད་}ཅིང་ཡོན་ཏན་དཔག་ཏུ་{མྱེད་,མེད་}པ་དང་ལྡན་པའི་རིན་པོ་ཅེ་རྒྱུ་དམ་པ་སྒྲུབ་པ་སྟེ། འདི་ནི་
རིན་{ཅེན་,ཆེན་}སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་ཐམས་ཅད་ལ་ཆགས་པ་{མྱེད་,མེད་}པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་ཆོས་ཐམས་ཅད་ནི་མཚན་མ་དང་བྲལ་བའི་ཕྱིར་ཆོས་གང་ལ་ཡང་ཆགས་པ་{མྱེད་,མེད་}པ་སྟེ། འདི་ནི་ཆོས་ཐམས་ཅད་ལ་ཆགས་པ་{མྱེད་,མེད་}པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ལོག་གི་འོད་གཟེར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། འོད་གཟེར་རྣམ་པ་སྣ་ཚོགས་འགྱེད་པས་མུན་པ་མུན་གནག་སེལ་བ་དང་། གཞན་ཡང་ཡོན་ཏན་མཐའ་
ཡས་པ་བརྒྱ་འགོད་པ་སྟེ། འདི་ནི་གློག་གི་འོད་གཟེར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཉོན་མོངས་པའི་བག་ཆགས་མཐའ་ཡས་པ་སྤོང་བ་སྟེ། འདི་ནི་སྤོང་བ་ཞེས་བྱ་བའི་ཏིང་ངེ་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 174b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。