藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 276b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བ་{མྱེད་,མེད་}དོ། །འབྲི་བ་{མྱེད་,མེད་}དེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་ཀུན་ནས་ཉོན་མོངས་པ་{མྱེད་,མེད་}དོ། །རྣམ་པར་བྱང་བ་{མྱེད་,མེད་}དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་

D8.016.0276b01.01
2

ཀུན་ནས་ཉོན་རྨོངས་པ་{མྱེད,མེད}། རྣམ་པར་བྱང་བ་{མྱེད་,མེད་}དེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་སྐྱེ་བ་{མྱེད་,མེད་}དོ། །འགག་པ་{མྱེད་,མེད་}དོ། །གནས་པ་{མྱེད་,མེད་}དོ། །མཐའ་ཐུག་པ་{མྱེད་,མེད་}དོ། །

D8.016.0276b02.01
3

གནས་པ་ལས་གཞན་དུ་འགྱུར་བ་{མྱི་,མི་}{དམྱིགས་,དམིགས་}སོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་སྐྱེ་བ་{མྱེད་,མེད་}དོ། །འགག་པ་{མྱེད་,མེད་}དོ། །གནས་པ་{མྱེད་,མེད་}དོ། །མཐའ་ཐུག་པ་{མྱེད་,མེད་}དོ། །གནས་པ་ལས་གཞན་དུ་འགྱུར་བ་{མྱི་,མི་}{དམྱིགས་,དམིགས་}ཏེ། དེའི་

D8.016.0276b03.01
4

ཕྱིར་ཐེག་པ་དེ་ནི་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་དགེ་བ་མ་ཡིན། {མྱི་,མི་}དགེ་བ་མ་ཡིན། ལུང་དུ་མ་བསྟན་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་དགེ་བ་མ་ཡིན། {མྱི་,མི་}

D8.016.0276b04.01
5

དགེ་བ་མ་ཡིན། ལུང་དུ་མ་བསྟན་པ་མ་ཡིན་ཏེ། །དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་མཐོང་བ་མ་ཡིན། ཐོས་པ་མ་ཡིན། རིག་པ་མ་ཡིན། རྣམ་པར་ཤེས་པ་མ་

D8.016.0276b05.01
6

ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་མཐོང་བ་མ་ཡིན། ཐོས་པ་མ་ཡིན། རིག་པ་མ་ཡིན། རྣམ་པར་ཤེས་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ།

D8.016.0276b06.01
7

དཔེར་ན། ནམ་མཁའ་ནི་ཤེས་པར་བྱ་བ་ཡང་མ་ཡིན། ཤེས་པར་{མྱི་,མི་}བྱ་བ་ཡང་མ་ཡིན། རྣམ་པར་ཤེས་པར་བྱ་བ་ཡང་མ་ཡིན། ཡོངས་སུ་ཤེས་པར་བྱ་བ་ཡང་མ་ཡིན། མངོན་དུ་བྱ་བ་ཡང་མ་ཡིན། སྤང་བ་ཡང་མ་ཡིན། བསྒོམ་

D8.016.0276b07.01