完整藏文原文 · 德格版页 当前仅加载第 16 函德格 218b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་{མྱེད་,མེད་}དོ། །སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་{མྱེད་,མེད་}དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་{མྱེད་,མེད་}དོ། །མཚན་མ་{མྱེད་,མེད་}པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་{མྱེད་,མེད་}དོ། །རྣམ་པ་ཐམས་ཅད་
D8.016.0218b01.01མཁྱེན་པ་ཉིད་དུ་གནས་པ་{མྱེད་,མེད་}དོ། །སྨོན་པ་{མྱེད་,མེད་}པའི་ངོ་བོ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་{མྱེད་,མེད་}དོ། །རྣམ་པར་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་{མྱེད་,མེད་}དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འཕགས་པའི་བདེན་པ་རྣམས་ཀྱི་ངོ་བོ་ཉིད་ནི་འཕགས་པའི་
D8.016.0218b02.01བདེན་པ་རྣམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །བསམ་གཏན་རྣམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཚད་{མྱེད་,མེད་}པ་རྣམས་ཀྱི་ངོ་བོ་ཉིད་ནི་ཚད་{མྱེད་,མེད་}པ་རྣམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །གཟུགས་{མྱེད་,མེད་}
D8.016.0218b03.01པའི་སྙོམས་པར་འཇུག་པ་རྣམས་ཀྱི་ངོ་བོ་ཉིད་ནི། །གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རྣམ་པར་ཐར་པ་རྣམས་ཀྱི་ངོ་བོ་ཉིད་ནི། །རྣམ་པར་ཐར་བ་རྣམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །མཐར་ཀྱིས་གནས་
D8.016.0218b04.01པའི་སྙོམས་པར་འཇུག་པ་རྣམས་ཀྱི་ངོ་བོ་ཉིད་ནི། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །མཚན་མ་{མྱེད་,མེད་}པའི་ངོ་བོ་ཉིད་ནི་མཚན་མ་
D8.016.0218b05.01{མྱེད་,མེད་}པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །སྨོན་པ་{མྱེད་,མེད་}པའི་ངོ་བོ་ཉིད་ནི་སྨོན་པ་{མྱེད་,མེད་}པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་མེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། མངོན་པར་ཤེས་པ་རྣམས་འགྱུར་བར་འདོད་དུ་ཟད་དོ། །
D8.016.0218b06.01རབ་འབྱོར་གང་མཚན་ཉིད་{མྱེད་,མེད་}པའི་ཅོས་རྣམས་འབྱུང་བར་འདོད་པ་དེ་ནི། ཏིང་ངེ་འཛིན་རྣམས་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་{མྱེད་,མེད་}པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། གཟུངས་ཀྱི་སྒོ་རྣམས་འབྱུང་བར་འདོད་དུ་ཟད་དོ། །
D8.016.0218b07.01