藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 178b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

{མྱི་,མི་}བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་ཀྱང་། ཚོར་བ་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་རྣམ་པར་{མྱི་,མི་}རྟོག་གོ །ནང་གི་སེམས་ལ་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་སེམས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་

D8.016.0178b01.01
2

རྟེན་གྱི་ཆགས་སེམས་དང་ཡིད་{མྱི་,མི་}བདེ་བ་རྣམ་པར་བསྩལ་ཅིང་། རྣམ་པར་སྤྱོད་ཀྱང་སེམས་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་རྣམ་པར་{མྱི་,མི་}རྟོག་གོ །ཕྱིའི་སེམས་ལ་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་སེམས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་

D8.016.0178b02.01
3

ལྡན་པ་དྲན་པ་དང་ལྡན་པས་འཇིག་རྟེན་གྱི་ཆགས་སེམས་དང་ཡིད་{མྱི་,མི་}བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་ཀྱང་སེམས་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་རྣམ་པར་{མྱི་,མི་}རྟོག་གོ །ཕྱི་ནང་གི་སེམས་ལ་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་སེམས་ཀྱི་རྗེས་

D8.016.0178b03.01
4

སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་{མྱི་,མི་}བདེ་བ་རྣམ་པར་བསྩལ་ཅིང་། རྣམ་པར་སྤྱོད་ཀྱང་སེམས་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་རྣམ་པར་{མྱི་,མི་}རྟོག་གོ །ནང་གི་ཆོས་ལ་དེ་{མྱི་,མི་}

D8.016.0178b04.01
5

{དམྱིགས་,དམིགས་}པའི་ཚུལ་གྱིས་ཆོས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་{མྱི་,མི་}བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་ཀྱང་། ཆོས་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་རྣམ་

D8.016.0178b05.01
6

པར་{མྱི་,མི་}རྟོག་གོ། །ཕྱིའི་ཆོས་ལ་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་ཆོས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་{མྱི་,མི་}བདེ་བ་རྣམ་པར་བསྩལ་ཅིང་། རྣམ་པར་སྤྱོད་ཀྱང་ཆོས་དང་

D8.016.0178b06.01
7

ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་རྣམ་པར་{མྱི་,མི་}རྟོག་གོ །ཕྱི་ནང་གི་ཆོས་ལ་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་ཆོས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་{མྱི་,མི་}བདེ་བ་རྣམ་པར་

D8.016.0178b07.01