完整藏文原文 · 德格版页 当前仅加载第 16 函德格 222a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཐེག་པ་ཆེན་པོ་དེ་ནི་{མྱི་,མི་}གནས་པའི་ཚུལ་གྱིས་གནས་སོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། ཆོས་ཀྱི་དབྱིངས་ནི་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་{མྱིག་,མིག་}གནས་པ་ཡང་མ་
D8.016.0222a01.01ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། དེ་བཞིན་ཉིད་ནི་གནས་པ་ཡང་མ་ཡིན། {མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་
D8.016.0222a02.01ལྟ་སྟེ། དཔེར་ན། ཡང་དག་པའི་མཐའ་ནི་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། བསམ་གྱིས་{མྱི་,མི་}ཁྱབ་
D8.016.0222a03.01པའི་དབྱིངས་ནི་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ལ་ནི་གནས་པའམ་
D8.016.0222a04.01{མྱི་,མི་}གནས་པ་{མྱེད་,མེད་}དོ། །དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ལ་ནི་གནས་པའམ་{མྱི་,མི་}གནས་པ་{མྱེད་,མེད་}དོ། །ཡང་དག་པའི་མཐའི་ངོ་བོ་ཉིད་ལ་ནི་གནས་པའམ། {མྱི་,མི་}གནས་པ་{མྱེད་,མེད་}དོ། །བསམ་གྱིས་{མྱི་,མི་}ཁྱབ་པའི་དབྱིངས་ཀྱི་ངོ་བོ་ཉིད་ལ་ནི་གནས་པའམ་{མྱི་,མི་}གནས་པ་{མྱེད་,མེད་}
D8.016.0222a05.01དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཀྱི་དབྱིངས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དེ་བཞིན་ཉིད་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཡང་དག་པའི་མཐའ་ཡང་དག་པའི་མཐའི་ངོ་བོ་ཉིད་ཀྱིས་
D8.016.0222a06.01སྟོང་པའི་ཕྱིར་རོ། །བསམ་གྱིས་{མྱི་,མི་}ཁྱབ་པའི་དབྱིངས་བསམ་གྱིས་{མྱི་,མི་}ཁྱབ་པའི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། ནམ་མཁའི་དབྱིངས་ནི་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །
D8.016.0222a07.01