shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 164a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 164a
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 16 函 · 德格 164a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文ཉིད། བཏང་སྙོམས་ཆེན་པོ་ནི་འདྲེ་བ་{མྱེད་,མེད་}པའི་མཚན་ཉིད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ནི་{མྱི་,མི་}འཕྲོགས་པའི་མཚན་ཉིད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི་མངོན་སུམ་གྱི་མཚན་ཉིད་དེ། {མྱི་,མི་}རྟག་{མྱི་,མི་}འཇིག་པའི་ཕྱིར།འདུས་བྱས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་གང་ཡིན་པ་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་གང་ཡིན་པའི་རང་རང་གི་མཚན་ཉིད་དེ་དག་གིས་ཆོས་དེ་དག་ཐམས་ཅད་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་རང་གི་མཚན་
ཉིད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་གང་ཞེ་ན། གང་ལ་འདས་པ་{མྱི་,མི་}{དམྱིགས་,དམིགས་}པ་དང་། མ་འོངས་པ་{མྱི་,མི་}{དམྱིགས་,དམིགས་}པ་དང་། ད་ལྟར་བྱུང་བའི་གནས་{མྱི་,མི་}{དམྱིགས་,དམིགས་}པ་སྟེ། {མྱི་,མི་}རྟག་{མྱི་,མི་}འཇིག་པའི་ཕྱིར། {མྱི་,མི་}{དམྱིགས་,དམིགས་}པ་{མྱི་,མི་}{དམྱིགས་,དམིགས་}པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་གང་ཞེ་ན། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར། འདུས་པའི་ངོ་བོ་ཉིད་{མྱེད་,མེད་}དེ། {མྱི་,མི་}རྟག་
{མྱི་,མི་}འཇིག་པའི་ཕྱིར། འདུས་པ་འདུས་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །རབ་འབྱོར་གཞན་ཡང་དངོས་པོ་ནི་དངོས་པོས་སྟོང་ངོ་། །དངོས་པོ་{མྱེད་,མེད་}པ་ནི་དངོས་པོ་མེད་པས་སྟོང་ངོ་། །རང་བཞིན་ནི་རང་བཞིན་གྱིས་སྟོང་ངོ་། །གཞན་གྱི་དངོས་པོ་ནི་གཞན་གྱི་དངོས་པོས་སྟོང་ངོ་། །དེ་ལ་དངོས་པོ་དངོས་པོ་ཞེས་བྱ་བ་གང་ཞེ་ན། ཕུང་པོ་ལྔ་པོ་སྟེ། ཕུང་པོ་དེ་དག་ཀྱང་ཕུང་པོ་རྣམས་ཀྱིས་སྟོང་བས། དེ་ལྟར་ན་དངོས་པོ་དངོས་
པོས་སྟོང་ངོ་། །ཇི་ལྟར་ན་དངོས་པོ་{མྱེད་,མེད་}པ་དངོས་པོ་{མྱེད་,མེད་}པས་སྟོང་ཞེ་ན། དངོས་པོ་{མྱེད་,མེད་}པ་ཞེས་བྱ་བ་ནི་འདུས་མ་བྱས་ཏེ། འདུས་མ་བྱས་དེ་ཡང་འདུས་མ་བྱས་ཀྱིས་སྟོང་བས། དེ་ལྟར་ན་དངོས་པོ་{མྱེད་,མེད་}པ་དངོས་པོ་{མྱེད་,མེད་}པས་སྟོང་ངོ་། །ཇི་ལྟར་ན་རང་བཞིན་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 164a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。