藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 14a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

{མྱེད་,མེད་}པར། དབང་པོ་རྣམས་སྒོམ་སྟེ། {དམྱིགས་,དམིགས་}པའི་ཚུལ་གྱིས་དབང་པོ་དེ་དག་ཀྱང་{དམྱིགས་,དམིགས་}ལ། དབང་པོ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་

D8.016.0014a01.01
2

པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་{མྱེད་,མེད་}པར། སྟོབས་རྣམས་སྒོམ་སྟེ། {དམྱིགས་,དམིགས་}པའི་ཚུལ་གྱིས་སྟོབས་དེ་དག་ཀྱང་{དམྱིགས་,དམིགས་}ལ། སྟོབས་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་

D8.016.0014a02.01
3

པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་{མྱེད་,མེད་}པར། བྱང་ཆུབ་ཀྱི་ཡན་ལག་རྣམས་སྒོམ་སྟེ། {དམྱིགས་,དམིགས་}པའི་ཚུལ་གྱིས་བྱང་ཆུབ་ཀྱི་ཡན་ལག་དེ་དག་ཀྱང་{དམྱིགས་,དམིགས་}ལ། བྱང་ཆུབ་ཀྱི་ཡན་ལག་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་

D8.016.0014a03.01
4

པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་{མྱེད་,མེད་}པར། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་སྟེ། {དམྱིགས་,དམིགས་}པའི་ཚུལ་གྱིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་དག་ཀྱང་{དམྱིགས་,དམིགས་}ལ། འཕགས་པའི་ལམ་ཡན་ལག་

D8.016.0014a04.01
5

བརྒྱད་པ་དེ་དག་གིས་རྐྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་{མྱེད་,མེད་}པར། འཕགས་པའི་བདེན་པ་རྣམས་སྒོམ་སྟེ། {དམྱིགས་,དམིགས་}པའི་ཚུལ་གྱིས་འཕགས་པའི་བདེན་

D8.016.0014a05.01
6

པ་དེ་དག་ཀྱང་{དམྱིགས་,དམིགས་}ལ། འཕགས་པའི་བདེན་པ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་{མྱེད་,མེད་}པར། བསམ་གཏན་རྣམས་སྒོམ་སྟེ།

D8.016.0014a06.01
7

{དམྱིགས་,དམིགས་}པའི་ཚུལ་གྱིས་བསམ་གཏན་དེ་དག་ཀྱང་{དམྱིགས་,དམིགས་}ལ། བསམ་གཏན་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་{མྱེད་,མེད་}པར། ཚད་{མྱེད་,མེད་}པ་

D8.016.0014a07.01