完整藏文原文 · 德格版页 当前仅加载第 16 函德格 254a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཆེན་པོ་འདིས་ཀྱང་། ལྷ་དང་{མྱི་,མི་}དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་{མྱི་,མི་}འགྱུར་ཏེ། རབ་འབྱོར་ཚོར་བ་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ་ཡོངས་སུ་བསྒྲུབས་པ་སྟེ། {མྱི་,མི་}རྟག་ཅིང་{མྱི་,མི་}
D8.016.0254a01.01བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་{མྱེད་,མེད་}པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས། ལྷ་དང་{མྱི་,མི་}དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་འདུ་ཤེས་དེ་བཞིན། མ་ནོར་བ་དེ་
D8.016.0254a02.01བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་{མྱི་,མི་}འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་{མྱི་,མི་}དང་། ལྷ་མ་ཡིན་
D8.016.0254a03.01དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་{མྱི་,མི་}འགྱུར་ཏེ། རབ་འབྱོར་འདུ་ཤེས་དེ་རྣམ་པར་བརྟགས་པ་རྣམ་པར་བསྐྱེད་པ་ཡོངས་སུ་བསྒྲུབས་པ་སྟེ། {མྱི་,མི་}རྟག་ཅིང་{མྱི་,མི་}བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་
D8.016.0254a04.01{མྱེད་,མེད་}པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས། ལྷ་དང་{མྱི་,མི་}དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་འདུ་བྱེད་དེ་བཞིན། མ་ནོར་བ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་
D8.016.0254a05.01མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་{མྱི་,མི་}འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། {མྱི་,མི་}དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་
D8.016.0254a06.01{མྱི་,མི་}འགྱུར་ཏེ། རབ་འབྱོར་འདུ་བྱེད་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ་ཡོངས་སུ་བསྒྲུབས་པ་སྟེ། {མྱི་,མི་}རྟག་ཅིང་{མྱི་,མི་}བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་{མྱེད་,མེད་}པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་།
D8.016.0254a07.01