shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 18b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 18b
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 16 函 · 德格 18b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文ཕྱིན་ཏེ། འདི་སྐད་དུ་རིགས་ཀྱི་བུ། ཤར་ཕྱོགས་ནི་སངས་རྒྱས་བཅོམ་ལྡན་འདས་དང་། །བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་རྣམས་ཀྱིས་སྟོང་སྟེ། འདི་ལ་སངས་རྒྱས་ཞེས་བྱ་བ་ཡང་{མྱེད་,མེད་}དོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཡང་{མྱེད་,མེད་}དོ། །ཉན་ཐོས་ཞེས་བྱ་བ་ཡང་{མྱེད་,མེད་}དོ། །དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་དག་ཀྱང་སྟོང་སྟེ། ཕྱོགས་བཅུ་ཀུན་ཀྱང་། སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་
དང་། ཉན་ཐོས་རྣམས་ཀྱིས་སྟོང་པས། འདི་ལ་སངས་རྒྱས་ཞེས་བྱ་བ་ཡང་{མྱེད,མེད}། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཡང་{མྱེད,མེད}། ཉན་ཐོས་ཞེས་བྱ་བ་ཡང་{མྱེད་,མེད་}དོ། །ཞེས་ཟེར་བ་འདི་ལྟ་བུའི་བདུད་ཀྱི་ལས་དག་{མྱི་,མི་}སྨྲ་མི་སྟོན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་ཉན་ཐོས་ཀྱི་ཆ་བྱད་དུ་བྱས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་ལས་ཟློག་
ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་འདེམས་ཤིང་རྗེས་སུ་སྟོན་པ་དེ་ལྟ་བུའི་བདུད་ཀྱི་ལས་དག་{མྱི་,མི་}སྨྲ་{མྱི་,མི་}སྟོན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་མཁན་པོ་དང་། སློབ་དཔོན་གྱི་ཆ་བྱད་དུ་བྱས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་ཟློག་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་ལས་ཟློག་སྟེ། དྲན་
པ་ཉེ་བར་གཞག་པ་རྣམས་ལ་སྦྱོར་བ་དང་། ཡང་དག་པར་སྤོང་བ་རྣམས་ལ་སྦྱོར་བ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྦྱོར་བ་དང་། དབང་པོ་རྣམས་ལ་སྦྱོར་བ་དང་། སྟོབས་རྣམས་ལ་སྦྱོར་བ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྦྱོར་བ་དང་། འཕགས་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 18b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。