藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 368b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

དད་དོ། །ཤེས་པ་པོ་རྣམ་པར་དག་པ་གང་ཡིན་པ་དེ་ནི། ལྕེ་རྣམ་པར་དག་པ། ལྕེ་རྣམ་པར་དག་པ་གང་ཡིན་པ་དེ་ནི། ཤེས་པ་བོ་རྣམ་པར་དག་པ་སྟེ། དེ་ལྟར་ན་ཤེས་པ་པོ་རྣམ་པར་དག་པ་དང་། ལྕེ་རྣམ་པར་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །མཐོང་

D8.019.0368b01.01
2

བ་པོ་རྣམ་པར་དག་པ་གང་ཡིན་པ་དེ་ནི། ལྕེ་རྣམ་པར་དག་པ། ལྕེ་རྣམ་པར་དག་པ་གང་ཡིན་པ་དེ་ནི། མཐོང་བ་པོ་རྣམ་པར་དག་པ་སྟེ། དེ་ལྟར་ན་མཐོང་བ་པོ་རྣམ་པར་དག་པ་དང་། ལྕེ་རྣམ་པར་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་མྱ་དད་དོ། །བདག་རྣམ་

D8.019.0368b02.01
3

པར་དག་པ་གང་ཡིན་པ་དེ་ནི། ལུས་རྣམ་པར་དག་པ། ལུས་རྣམ་པར་དག་པ་གང་ཡིན་པ་དེ་ནི། བདག་རྣམ་པར་དག་པ་སྟེ། དེ་ལྟར་ན་བདག་རྣམ་པར་དག་པ་དང་། ལུས་རྣམ་པར་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །སེམས་ཅན་རྣམ་

D8.019.0368b03.01
4

པར་དག་པ་གང་ཡིན་པ་དེ་ནི། ལུས་རྣམ་པར་དག་པ། ལུས་རྣམ་པར་དག་པ་གང་ཡིན་པ་དེ་ནི། སེམས་ཅན་རྣམ་པར་དག་པ་སྟེ། དེ་ལྟར་ན་སེམས་ཅན་རྣམ་པར་དག་པ་དང་། ལུས་རྣམ་པར་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་

D8.019.0368b04.01
5

{མྱི་,མི་}དད་དོ། །སྲོག་རྣམ་པར་དག་པ་གང་ཡིན་པ་དེ་ནི། ལུས་རྣམ་པར་དག་པ། ལུས་རྣམ་པར་དག་པ་གང་ཡིན་པ་དེ་ནི། སྲོག་རྣམ་པར་དག་པ་སྟེ། དེ་ལྟར་ན་སྲོག་རྣམ་པར་དག་པ་དང་། ལུས་རྣམ་པར་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་

D8.019.0368b05.01
6

སོ་མ་ཡིན་ཐ་{མྱི་,མི་}དད་དོ། །གསོ་བ་རྣམ་པར་དག་པ་གང་ཡིན་པ་དེ་ནི། ལུས་རྣམ་པར་དག་པ། ལུས་རྣམ་པར་དག་པ་གང་ཡིན་པ་དེ་ནི། གསོ་བ་རྣམ་པར་དག་པ་སྟེ། དེ་ལྟར་ན་གསོ་བ་རྣམ་པར་དག་པ་དང་། ལུས་རྣམ་པར་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་

D8.019.0368b06.01
7

སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །སྐྱེས་བུ་རྣམ་པར་དག་པ་གང་ཡིན་པ་དེ་ནི། ལུས་རྣམ་པར་དག་པ། ལུས་རྣམ་པར་དག་པ་གང་ཡིན་པ་དེ་ནི། སྐྱེས་བུ་རྣམ་པར་དག་པ་སྟེ། དེ་ལྟར་ན་སྐྱེས་བུ་རྣམ་པར་དག་པ་དང་། ལུས་རྣམ་པར་དག་པ་འདི་ལ་གཉིས་སུ་

D8.019.0368b07.01