完整藏文原文 · 德格版页 当前仅加载第 19 函德格 248b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཕྱིར་མི་འོང་བའི་འབྲས་བུ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་དགྲ་བཅོམ་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་
D8.019.0248b01.01ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རང་བྱང་ཆུབ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ལམ་གྱི་རྣམ་པ་ཤེས་པ་ཉིད་འདུ་བར་བགྱིད་པ་འམ།
D8.019.0248b02.01ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་
D8.019.0248b03.01མཐུན་པའི་འབྲས་བུ་མ་ལགས་སོ། །གང་གཟུགས་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཚོར་བ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་
D8.019.0248b04.01བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་འདུ་ཤེས་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་འདུ་
D8.019.0248b05.01བྱེད་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རྣམ་པར་ཤེས་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་
D8.019.0248b06.01ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་{མྱིག་,མིག་}ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རྣ་བ་ཚད་མཆིས་པར་བགྱིད་པ་
D8.019.0248b07.01