藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 255a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ལགས་སོ། །གང་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བརྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་སྣའི་འདུས་ཏེ་རེག་པ་

D8.019.0255a01.01
2

ལས་བྱུང་བའི་ཚོར་བརྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བརྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། ཤེས་རབ་

D8.019.0255a02.01
3

ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བརྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཡིད་

D8.019.0255a03.01
4

ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བརྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་སའི་ཁམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། ཤེས་

D8.019.0255a04.01
5

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཆུའི་ཁམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་{མྱེའི་,མེའི་}ཁམས་རྒྱ་ཆེན་པོར་བགྱིད་པ་འམ།

D8.019.0255a05.01
6

རྒྱ་ཆུང་ངུར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རླུང་གི་ཁམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །

D8.019.0255a06.01
7

གང་ནམ་མཁའི་ཁམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རྣམ་པར་ཤེས་པའི་ཁམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། ཤེས་

D8.019.0255a07.01