完整藏文原文 · 德格版页 当前仅加载第 19 函德格 69b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
གང་ཡིན་པ་དེ་ནི་དངོས་པོ་{མྱེད་,མེད་}པའོ། །དངོས་པོ་{མྱེད་,མེད་}པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ལ་ནི། རོ་རྟག་ཅེས་བྱ་བ་འམ་{མྱི་,མི་}རྟག་ཅེས་བྱ་བ་{མྱི་,མི་}དམིགས་སོ། །དེ་ལ་རོ་ཉིད་ཀྱང་{མྱེད་,མེད་}ན། རྟག་པ་འམ་{མྱི་,མི་}རྟག་པ་ལྟ་ག་
D8.019.0069b01.01ལ་ཡོད་ཅེས་སྟོན་ཏེ། ཀཽ་ཤི་ཀ་དེ་ལྟར་སྟོན་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་{མྱི་,མི་}སྟོན་ཏོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་
D8.019.0069b02.01བུ་དང་། རིགས་ཀྱི་བུ་མོ་དེ་དག་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་སྟོན་ཏེ། ཚུར་རིགས་ཀྱི་བུ་ཁྱོད་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམས་ཤིག། རེག་{མྱི་,མི་}རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མ་ལྟ་ཤིག། དེ་ཅིའི་ཕྱིར་ཞེ་ན། རེག་ནི་རང་བཞིན་གྱིས་
D8.019.0069b03.01སྟོང་སྟེ། རེག་གི་རང་བཞིན་གང་ཡིན་པ་དེ་ནི། དངོས་པོ་{མྱེད་,མེད་}པའོ། །དངོས་པོ་{མྱེད་,མེད་}པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ལ་ནི། རེག་རྟག་ཅེས་བྱ་བ་འམ། {མྱི་,མི་}རྟག་ཅེས་བྱ་བ་{མྱི་,མི་}{དམྱིགས་,དམིགས་}སོ། །དེ་ལ་
D8.019.0069b04.01རེག་ཉིད་ཀྱང་{མྱེད་,མེད་}ན། རྟག་པ་འམ་{མྱི་,མི་}རྟག་པ་ལྟ་ག་ལ་ཡོད་ཅེས་སྟོན་ཏེ། ཀཽ་ཤི་ཀ་དེ་ལྟར་སྟོན་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་{མྱི་,མི་}སྟོན་ཏོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་དང་། རིགས་ཀྱི་བུ་
D8.019.0069b05.01མོ་དེ་དག། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་སྟོན་ཏེ། ཚུར་རིགས་ཀྱི་བུ་ཁྱོད་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམས་ཤིག། ཆོས་{མྱི་,མི་}རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་
D8.019.0069b06.01མ་ལྟ་ཤིག། དེ་ཅིའི་ཕྱིར་ཞེ་ན། ཆོས་ནི་རང་བཞིན་གྱིས་སྟོང་སྟེ། ཆོས་ཀྱི་རང་བཞིན་གང་ཡིན་པ་དེ་ནི། དངོས་པོ་{མྱེད་,མེད་}པའོ། །དངོས་པོ་{མྱེད་,མེད་}པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ལ་ནི། ཆོས་
D8.019.0069b07.01