完整藏文原文 · 德格版页 当前仅加载第 19 函德格 293a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བལྟའོ། །ནམ་མཁའི་ཁམས་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །རྣམ་པར་ཤེས་པའི་ཁམས་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །མ་རིག་པ་དབེན་པའི་སླད་དུ། ཤེས་
D8.019.0293a01.01རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །འདུ་བྱེད་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །རྣམ་པར་ཤེས་པ་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །{མྱིང་,མིང་}དང་གཟུགས་དབེན་པའི་སླད་དུ། ཤེས་
D8.019.0293a02.01རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །སྐྱེ་མཆེད་དྲུག་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །རེག་པ་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །ཚོར་བ་དབེན་པའི་སླད་དུ། ཤེས་རབ་ཀྱི་
D8.019.0293a03.01ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །སྲེད་པ་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །ལེན་པ་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །སྲིད་པ་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
D8.019.0293a04.01དབེན་པར་བལྟའོ། །སྐྱེ་བ་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །རྒ་ཤི་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
D8.019.0293a05.01དབེན་པར་བལྟའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་
D8.019.0293a06.01པ་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །ནང་སྟོང་པ་ཉིད་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
D8.019.0293a07.01