藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 130b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཀྱི་བར་དུ་ཅི་ནས་ཀྱང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་བྲལ་བར་{མྱི་,མི་}འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་{མྱེད་,མེད་}པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་བྲལ་བར་{མྱི་,མི་}འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་

D8.019.0130b01.01
2

{མྱེད་,མེད་}པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། འཕགས་པའི་བདེན་པ་བཞི་དང་བྲལ་བར་{མྱི་,མི་}འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་{མྱེད་,མེད་}པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། བསམ་གཏན་བཞི་དང་བྲལ་བར་{མྱི་,མི་}འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་{མྱེད་,མེད་}

D8.019.0130b02.01
3

པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། ཚད་{མྱེད་,མེད་}པ་བཞི་དང་བྲལ་བར་{མྱི་,མི་}འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་{མྱེད་,མེད་}པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་བཞི་དང་བྲལ་བར་{མྱི་,མི་}འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་

D8.019.0130b03.01
4

དཔའི་སྐྱོན་{མྱེད་,མེད་}པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། རྣམ་པར་ཐར་པ་བརྒྱད་དང་བྲལ་བར་{མྱི་,མི་}འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་{མྱེད་,མེད་}པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་བྲལ་བར་{མྱི་,མི་}འགྱུར་པ་དེ་

D8.019.0130b04.01
5

ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་{མྱེད་,མེད་}པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་{མྱེད་,མེད་}པ་དང་སྨོན་པ་{མྱེད་,མེད་}པ་དང་བྲལ་བར་{མྱི་,མི་}འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་{མྱེད་,མེད་}པར་ཆུད་ཀྱི་བར་དུ་ཅི་ནས་

D8.019.0130b05.01
6

ཀྱང་། མངོན་པར་ཤེས་པ་ལྔ་དང་བྲལ་བར་{མྱི་,མི་}འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་{མྱེད་,མེད་}པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། ཏིང་ངེ་འཛིན་རྣམས་དང་བྲལ་བར་{མྱི་,མི་}འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་{མྱེད་,མེད་}པར་ཆུད་ཀྱི་བར་དུ་

D8.019.0130b06.01
7

ཅི་ནས་ཀྱང་། གཟུངས་ཀྱི་སྒོ་རྣམས་དང་བྲལ་བར་{མྱི་,མི་}འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་{མྱེད་,མེད་}པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་བྲལ་བར་{མྱི་,མི་}འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་

D8.019.0130b07.01