完整藏文原文 · 德格版页 当前仅加载第 19 函德格 35b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པའི་སངས་རྒྱས་ཚད་{མྱེད་,མེད་}གྲངས་{མྱེད་,མེད་}པ་དག་ལ། ནམ་འཚོའི་བར་དུ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་དང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་པ་དང་།
D8.019.0035b01.01བཀུར་སྟིར་བྱས་པ་དང་། ཕུ་དུད་དུ་བྱས་པ་དང་། མཆོད་པ་བྱས་པ་བས། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་རྒྱ་ཆེར་དོན་དང་ལྡན། ཡི་གེ་དང་ལྡན་པར་རྣམ་གྲངས་དུ་མར་བརྗོད་དེ། བསྟན་པ་དང་།
D8.019.0035b02.01བཤད་དེ་བཀྲོལ་ཞིང་། རྣམ་པར་ཕྱེ་སྟེ། གསལ་བ་དང་། ཡང་དག་པར་བསྟན་པ་བྱས་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་འདི་ནི་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཏེ། འདས་པ་དང་།
D8.019.0035b03.01མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་
D8.019.0035b04.01པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལས་བསྐལ་པ་ཚད་{མྱེད་,མེད་}གྲངས་{མྱེད་,མེད་}པར་{དམྱིགས་,དམིགས་}པའི་ཚུལ་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསྐལ་པ་ཚད་{མྱེད་,མེད་}གྲངས་{མྱེད་,མེད་}པར་{དམྱིགས་,དམིགས་}
D8.019.0035b05.01པའི་ཚུལ་གྱིས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསྐལ་པ་ཚད་{མྱེད་,མེད་}གྲངས་{མྱེད་,མེད་}པར་{དམྱིགས་,དམིགས་}པའི་ཚུལ་གྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསྐལ་པ་ཚད་{མྱེད་,མེད་}གྲངས་མེད་པར་དམིགས་པའི་ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་རོལ་
D8.019.0035b06.01ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསྐལ་པ་ཚད་{མྱེད་,མེད་}གྲངས་{མྱེད་,མེད་}པར་{དམྱིགས་,དམིགས་}པའི་ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསྐལ་པ་ཚད་{མྱེད་,མེད་}གྲངས་{མྱེད་,མེད་}པར་{དམྱིགས་,དམིགས་}པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བས་ནི། གང་ལ་
D8.019.0035b07.01