藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 29b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

མངོན་པར་ཤེས་པ་ལྔ་ལ་བཀོད་པས་ནི་མ་ཡིན་ནོ། །གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་དང་། བསམ་གཏན་བཞི་དང་། ཚད་{མྱེད་,མེད་}པ་བཞི་དང་། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་

D8.019.0029b01.01
2

པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་བཀོད་པས་ནི་མ་ཡིན་ནོ། །སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་དང་། བསམ་གཏན་བཞི་དང་། ཚད་{མྱེད་,མེད་}པ་བཞི་དང་། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་

D8.019.0029b02.01
3

པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་བཀོད་པས་ནི་མ་ཡིན་ནོ། །སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་འབྲིང་པོའི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་དང་། བསམ་གཏན་བཞི་དང་། ཚད་{མྱེད་,མེད་}པ་བཞི་དང་། གཟུགས་{མྱེད་,མེད་}པའི་

D8.019.0029b03.01
4

སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་བཀོད་པས་ནི་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་དང་། བསམ་གཏན་བཞི་དང་། ཚད་{མྱེད་,མེད་}པ་བཞི་དང་།

D8.019.0029b04.01
5

གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་བཀོད་པས་ནི་མ་ཡིན་ནོ། །དེ་ལ་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ནི་འདི་ཡིན་ཏེ། གཉིས་ལ་སྤྱོད་པ་ཡང་མ་ཡིན། {མྱི་,མི་}གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། ཤེས་རབ་ཀྱི་ཕ་རོལ་ཏུ་

D8.019.0029b05.01
6

ཕྱིན་པ་འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འཆང་བ་དང་། ཀློག་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། {མྱི་,མི་}གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་དང་། ཀུན་ཆུབ་

D8.019.0029b06.01
7

པར་བྱེད་པ་དང་། འཆང་བ་དང་། ཀློག་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའོ། །གཉིས་ལ་སྤྱོད་པ་ཡང་མ་ཡིན། {མྱི་,མི་}གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འཆང་བ་དང་།

D8.019.0029b07.01