藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 339b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

རང་བཞིན་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །རབ་འབྱོར་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་{མྱེད་,མེད་}པའི་རང་བཞིན་ནི་མཐའ་ལས་འདས་པ་

D8.019.0339b01.01
2

སྟོང་པ་ཉིད་དོ། །རབ་འབྱོར་ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་{མྱེད་,མེད་}པའི་རང་བཞིན་ནི་ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་དོ། །རབ་འབྱོར་

D8.019.0339b02.01
3

ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་{མྱེད་,མེད་}པའི་རང་བཞིན་ནི་ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་དོ། །རབ་འབྱོར་ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་

D8.019.0339b03.01
4

ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་{མྱེད་,མེད་}པའི་རང་བཞིན་ནི་ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་དོ། །རབ་འབྱོར་དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་

D8.019.0339b04.01
5

ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་{མྱེད་,མེད་}པའི་རང་བཞིན་ནི་དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་དོ། །རབ་འབྱོར་དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་{མྱེད་,མེད་}པའི་རང་

D8.019.0339b05.01
6

བཞིན་ནི་དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་དོ། །རབ་འབྱོར་དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་{མྱེད་,མེད་}པའི་རང་བཞིན་ནི་དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་དོ། །རབ་འབྱོར་

D8.019.0339b06.01
7

རང་བཞིན་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་{མྱེད་,མེད་}པའི་རང་བཞིན་ནི་རང་བཞིན་སྟོང་པ་ཉིད་དོ། །རབ་འབྱོར་རང་བཞིན་སྟོང་པ་ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་

D8.019.0339b07.01