藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 46b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ཆུའི་ཁམས་{མྱི་,མི་}རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། ཆུའི་ཁམས་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ཆུའི་ཁམས་བདག་{མྱེད་,མེད་}ཅེས་བྱ་བར་རྟོག་པར་འགྱུར་རོ། །ཆུའི་ཁམས་མི་སྡུག་ཅེས་བྱ་

D8.019.0046b01.01
2

བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ཆུའི་ཁམས་{མྱི་,མི་}རྟག་གོ་ཞེས་བྱ་བར་རྟོག་པ་དང་། ཆུའི་ཁམས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ཆུའི་ཁམས་བདག་{མྱེད་,མེད་}དོ་ཞེས་བྱ་བར་རྟོག་པ་དང་། ཆུའི་ཁམས་མི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་

D8.019.0046b02.01
3

རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །{མྱེའི་,མེའི་}ཁམས་{མྱི་,མི་}རྟག་གོ་ཞེས་བྱ་བར་སྟོན། {མྱེའི་,མེའི་}ཁམས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། {མྱེའི་,མེའི་}ཁམས་བདག་{མྱེད་,མེད་}དོ་ཞེས་བྱ་བར་སྟོན། {མྱེའི་,མེའི་}ཁམས་{མྱི་,མི་}སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་

D8.019.0046b03.01
4

དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། {མྱེའི་,མེའི་}ཁམས་{མྱི་,མི་}རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །{མྱེའི་,མེའི་}ཁམས་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །{མྱེའི་,མེའི་}ཁམས་བདག་

D8.019.0046b04.01
5

{མྱེད་,མེད་}ཅེས་བྱ་བར་རྟོག་པར་འགྱུར་རོ། །{མྱེའི་,མེའི་}ཁམས་{མྱི་,མི་}སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་{མྱེའི་,མེའི་}ཁམས་{མྱི་,མི་}རྟག་གོ་ཞེས་བྱ་བར་རྟོག་པ་དང་། {མྱེའི་,མེའི་}ཁམས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། {མྱེའི་,མེའི་}ཁམས་བདག་{མྱེད་,མེད་}དོ་ཞེས་བྱ་བར་རྟོག་

D8.019.0046b05.01
6

པ་དང་། {མྱེའི་,མེའི་}ཁམས་{མྱི་,མི་}སྡུག་གོ་ཞེས་བྱ་བར་རྟོག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །རླུང་གི་ཁམས་{མྱི་,མི་}རྟག་གོ་ཞེས་བྱ་བར་སྟོན། རླུང་གི་ཁམས་སྡུག་བསྔལ་ལོ་ཞེས་བྱ་བར་{སྟོནད,སྟོན}། རླུང་གི་ཁམས་བདག་{མྱེད་,མེད་}དོ་

D8.019.0046b06.01
7

ཞེས་བྱ་བར་སྟོན། རླུང་གི་ཁམས་{མྱི་,མི་}སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། རླུང་གི་ཁམས་{མྱི་,མི་}རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །རླུང་གི་ཁམས་

D8.019.0046b07.01