完整藏文原文 · 德格版页 当前仅加载第 19 函德格 215a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། དྲན་པ་ཉེ་བར་གཞག་པ་རྣམས་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །རབ་འབྱོར་ཡང་དག་པར་སྤོང་བ་རྣམས་སུ་{མྱི་,མི་}{དམྱིགས་,དམིགས་}པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་
D8.019.0215a01.01ཆེས་པར་འགྱུར་ཏེ། དེ་ལྟར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཡང་དག་པར་སྤོང་བ་རྣམས་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །རབ་འབྱོར་རྫུ་འཕྲུལ་གྱི་རྐང་པ་རྣམས་སུ་{མྱི་,མི་}{དམྱིགས་,དམིགས་}པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ།
D8.019.0215a02.01དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །རབ་འབྱོར་དབང་པོ་རྣམས་སུ་{མྱི་,མི་}{དམྱིགས་,དམིགས་}པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་
D8.019.0215a03.01ཕྱིན་པ་ལ་ཡིད་ཆེས་པས། དབང་པོ་རྣམས་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །རབ་འབྱོར་སྟོབས་རྣམས་སུ་{མྱི་,མི་}{དམྱིགས་,དམིགས་}པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྟོབས་རྣམས་
D8.019.0215a04.01ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་རྣམས་སུ་{མྱི་,མི་}{དམྱིགས་,དམིགས་}པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་
D8.019.0215a05.01རོ། །རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པར་{མྱི་,མི་}{དམྱིགས་,དམིགས་}པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །
D8.019.0215a06.01རབ་འབྱོར་འཕགས་པའི་བདེན་པ་རྣམས་སུ་{མྱི་,མི་}{དམྱིགས་,དམིགས་}པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། འཕགས་པའི་བདེན་པ་རྣམས་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །རབ་འབྱོར་
D8.019.0215a07.01