藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 229b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཕ་རོལ་ཏུ་ཕྱིན་པ་ནི། དྲན་པ་ཉེ་བར་གཞག་པ་རྣམས་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །ཡང་དག་པར་སྤོང་བ་རྣམས་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །དབང་པོ་རྣམས་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}

D8.019.0229b01.01
2

བྱེད་དོ། །སྟོབས་རྣམས་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། འཕགས་

D8.019.0229b02.01
3

པའི་བདེན་པ་རྣམས་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །བསམ་གཏན་རྣམས་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །ཚད་{མྱེད་,མེད་}པ་རྣམས་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །

D8.019.0229b03.01
4

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྣམ་པར་ཐར་པ་བརྒྱད་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཆེ་བར་མི་བྱེད་ཆུང་བར་{མྱི་,མི་}བྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་{མྱེད་,མེད་}པ་དང་། སྨོན་པ་

D8.019.0229b04.01
5

{མྱེད་,མེད་}པ་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མངོན་པར་ཤེས་པ་རྣམས་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །ཏིང་ངེ་འཛིན་རྣམས་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །གཟུངས་ཀྱི་སྒོ་རྣམས་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་

D8.019.0229b05.01
6

དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་ཆེ་བར་{མྱི་,མི་}བྱེད། ཆུང་བར་{མྱི་,མི་}བྱེད་དོ། །{མྱི་,མི་}འཇིགས་པ་བཞི་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་ཆེ་བར་{མྱི་,མི་}བྱེད་ཆུང་བར་

D8.019.0229b06.01
7

{མྱི་,མི་}བྱེད་དོ། །སྙིང་རྗེ་ཆེན་པོ་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཆེ་བར་{མྱི་,མི་}བྱེད་ཆུང་བར་{མྱི་,མི་}བྱེད་དོ། །ལན་ཅིག་

D8.019.0229b07.01