藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 301b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བལྟའོ། །དགྲ་བཅོམ་པ་ཉིད་བསམ་གྱིས་{མྱི་,མི་}ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་{མྱི་,མི་}ཁྱབ་པར་བལྟའོ། །རང་བྱང་ཆུབ་བསམ་གྱིས་{མྱི་,མི་}ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་{མྱི་,མི་}ཁྱབ་པར་

D8.019.0301b01.01
2

བལྟའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་བསམ་གྱིས་{མྱི་,མི་}ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་{མྱི་,མི་}ཁྱབ་པར་བལྟའོ། །བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་བསམ་གྱིས་{མྱི་,མི་}ཁྱབ་པའི་སླད་དུ། ཤེས་རབ་ཀྱི་

D8.019.0301b02.01
3

ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་{མྱི་,མི་}ཁྱབ་པར་བལྟའོ། །སེམས་ཅན་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །གཟུགས་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་

D8.019.0301b03.01
4

ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །ཚོར་བ་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །འདུ་ཤེས་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ།

D8.019.0301b04.01
5

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །འདུ་བྱེད་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །རྣམ་པར་ཤེས་པ་རྣམ་པར་འཇིག་པ་མ་མཆིས་

D8.019.0301b05.01
6

པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །{མྱིག་,མིག་}རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །རྣ་བ་རྣམ་པར་འཇིག་པ་མ་མཆིས་

D8.019.0301b06.01
7

པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །སྣ་རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མ་མཆིས་པར་བལྟའོ། །ལྕེ་རྣམ་པར་འཇིག་པ་མ་མཆིས་པའི་

D8.019.0301b07.01