藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 14 函德格 379a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

འདས་དེ་ནི་འདི་ལྟར་རྣམ་པར་ཤེས་པ་{མྱི་,མི་}རྟག་པ་ཉིད་རྣམ་པར་ཤེས་པ་{མྱི་,མི་}རྟག་པ་ཉིད་ཀྱིས་སྟོང་སྟེ། རྣམ་པར་ཤེས་པ་{མྱི་,མི་}རྟག་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་རྣམ་པར་ཤེས་པ་{མྱི་,མི་}རྟག་པ་ཉིད་མ་ལགས། རྣམ་པར་ཤེས་

D8.014.0379a01.01
2

པ་{མྱི་,མི་}རྟག་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། རྣམ་པར་ཤེས་པ་{མྱི་,མི་}རྟག་པ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པ་{མྱི་,མི་}རྟག་པ་ཉིད་དོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་

D8.014.0379a02.01
3

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པར་ཤེས་པ་{མྱི་,མི་}རྟག་གོ་ཞེས་བགྱི་བར་གནས་པར་{མྱི་,མི་}བགྱིའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་

D8.014.0379a03.01
4

སྡུག་བསྔལ་ལོ་ཞེས་བགྱི་བར་གནས་པར་{མྱི་,མི་}བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གཟུགས་སྡུག་བསྔལ་བ་ཉིད་གཟུགས་སྡུག་བསྔལ་བ་ཉིད་ཀྱིས་སྟོང་སྟེ། གཟུགས་སྡུག་བསྔལ་བ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་

D8.014.0379a04.01
5

པ་དེ་ཡང་གཟུགས་སྡུག་བསྔལ་བ་ཉིད་མ་ལགས། གཟུགས་སྡུག་བསྔལ་བ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། གཟུགས་སྡུག་བསྔལ་བ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་གཟུགས་སྡུག་བསྔལ་བ་ཉིད་དོ། །བཅོམ་ལྡན་

D8.014.0379a05.01
6

འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་སྡུག་བསྔལ་ལོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།

D8.014.0379a06.01
7

ཚོར་བ་སྡུག་བསྔལ་ལོ་ཞེས་བགྱི་བར་གནས་པར་{མྱི་,མི་}བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཚོར་བ་སྡུག་བསྔལ་བ་ཉིད་ཚོར་བ་སྡུག་བསྔལ་བ་ཉིད་ཀྱིས་སྟོང་སྟེ། ཚོར་བ་སྡུག་བསྔལ་བ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་

D8.014.0379a07.01