shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 158a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 158a
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 14 函 · 德格 158a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། འདི་སྙམ་དུ་ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པར་འགྱུར་རམ། འོན་ཏམ་ཁོང་དུ་ཆུད་པར་མི་འགྱུར་ཞེས་བྱ་བར་{མྱི་,མི་}སེམས་ཏེ། དེ་ནི་འདི་ལྟར་དེས་ཆོས་གང་གིས་ཆོས་གང་ཁོང་དུ་ཆུད་པར་བྱ་བ་དེ་ལྟ་བུའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མཐོང་བ་{མྱེད་,མེད་}དོ། །དེ་ཡང་འདི་ལྟར་དེ་ནི་ཆོས་ཀྱི་དབྱིངས་སྟོང་ཞེས་བྱ་བར་མི་སྦྱོར། མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ཤ་ར་དྭ་
ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་དང་སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་གཟུགས་སུ་{མྱི་,མི་}སྦྱོར་རོ། །ཚོར་བ་དང་སྟོང་པ་ཉིད་དུ་{མྱི་,མི་}སྦྱོར། སྟོང་པ་ཉིད་དང་ཚོར་བར་{མྱི་,མི་}སྦྱོར་རོ། །འདུ་ཤེས་དང་སྟོང་པ་ཉིད་དུ་{མྱི་,མི་}སྦྱོར། སྟོང་པ་ཉིད་དང་འདུ་ཤེས་སུ་{མྱི་,མི་}སྦྱོར་རོ། །འདུ་བྱེད་དང་སྟོང་པ་ཉིད་དུ་{མྱི་,མི་}སྦྱོར།
སྟོང་པ་ཉིད་དང་འདུ་བྱེད་དུ་{མྱི་,མི་}སྦྱོར་རོ། །རྣམ་པར་ཤེས་པ་དང་སྟོང་པ་ཉིད་དུ་{མྱི་,མི་}སྦྱོར། སྟོང་པ་ཉིད་དང་རྣམ་པར་ཤེས་པར་{མྱི་,མི་}སྦྱོར་རོ། །{མྱིག་,མིག་}དང་སྟོང་པ་ཉིད་དུ་{མྱི་,མི་}སྦྱོར། སྟོང་པ་ཉིད་དང་{མྱིག་,མིག་}ཏུ་{མྱི་,མི་}སྦྱོར་རོ། །རྣ་བ་དང་སྟོང་པ་ཉིད་དུ་{མྱི་,མི་}སྦྱོར། སྟོང་པ་ཉིད་དང་རྣ་བར་{མྱི་,མི་}སྦྱོར་རོ། །སྣ་དང་སྟོང་པ་ཉིད་དུ་{མྱི་,མི་}སྦྱོར །སྟོང་པ་ཉིད་དང་སྣར་{མྱི་,མི་}སྦྱོར་རོ། །ལྕེ་དང་སྟོང་པ་ཉིད་དུ་{མྱི་,མི་}སྦྱོར། སྟོང་པ་ཉིད་དང་ལྕེར་{མྱི་,མི་}སྦྱོར་རོ། །ལུས་དང་སྟོང་པ་ཉིད་དུ་{མྱི་,མི་}སྦྱོར། སྟོང་པ་ཉིད་དང་ལུས་སུ་{མྱི་,མི་}སྦྱོར་རོ། །ཡིད་དང་སྟོང་པ་ཉིད་དུ་{མྱི་,མི་}སྦྱོར།
སྟོང་པ་ཉིད་དང་ཡིད་དུ་{མྱི་,མི་}སྦྱོར་རོ། །གཟུགས་དང་སྟོང་པ་ཉིད་དུ་{མྱི་,མི་}སྦྱོར། སྟོང་པ་ཉིད་དང་གཟུགས་སུ་{མྱི་,མི་}སྦྱོར་རོ། །སྒྲ་དང་སྟོང་པ་ཉིད་དུ་{མྱི་,མི་}སྦྱོར། སྟོང་པ་ཉིད་དང་སྒྲར་མི་སྦྱོར་རོ། །དྲི་དང་སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་དྲིར་{མྱི་,མི་}སྦྱོར་རོ། །རོ་དང་སྟོང་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 158a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。