完整藏文原文 · 德格版页 当前仅加载第 14 函德格 112a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དེ་ནི་འདི་ལྟར་སྨོན་པ་མེད་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། སྨོན་པ་མེད་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །མངོན་པར་ཤེས་པ་རྣམས་དང་
D8.014.0112a01.01ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་མངོན་པར་ཤེས་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། མངོན་པར་ཤེས་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་
D8.014.0112a02.01ཡོད། །ཏིང་ངེ་འཛིན་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་ཏིང་ངེ་འཛིན་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ཏིང་ངེ་འཛིན་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་
D8.014.0112a03.01འབྱེད་པ་ལྟ་ག་ལ་ཡོད། །གཟུངས་ཀྱི་སྒོ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་གཟུངས་ཀྱི་སྒོ་ཉིད་ཀྱང་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། གཟུངས་ཀྱི་སྒོ་རྣམས་དང་ཐམས་ཅད་མཁྱེན་པ་
D8.014.0112a04.01ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་དེ་བཞིན་གཤེགས་པའི་སྟོབས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན།
D8.014.0112a05.01དེ་བཞིན་གཤེགས་པའི་སྟོབས་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །{མྱི་,མི་}འཇིགས་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་{མྱི་,མི་}འཇིགས་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ།
D8.014.0112a06.01ཡང་དག་པར་རྗེས་སུ་མ་མཐོང་ན། {མྱི་,མི་}འཇིགས་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །སོ་སོ་ཡང་དག་པར་རིག་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་སོ་སོ་ཡང་དག་པར་རིག་པ་ཉིད་
D8.014.0112a07.01