藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 14 函德格 346a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

འཕེལ་བ་དང་འགྲིབ་པ་མ་{དམྱིགས་,དམིགས་}ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས་དེ་ལྟར་བདག་གིས་ཤེད་བདག་གི་འཕེལ་བ་དང་འགྲིབ་པ་མ་{དམྱིགས་,དམིགས་}ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་

D8.014.0346a01.01
2

ཞེས་གང་ལ་{མྱིང་,མིང་}དུ་གདགས་པར་བགྱི། བཅོམ་ལྡན་འདས་ཤེད་བདག་གི་{མྱིང་,མིང་}དེ་ཡང་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན་{མྱིང་,མིང་}དེ་གནས་པ་མ་

D8.014.0346a02.01
3

མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས་བདག་གིས་བྱེད་པ་པོའི་འཕེལ་བ་དང་འགྲིབ་པ་མ་{དམྱིགས་,དམིགས་}ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས་དེ་ལྟར་བདག་གིས་བྱེད་པ་པོའི་འཕེལ་བ་དང་འགྲིབ་པ་མ་དམིགས་

D8.014.0346a03.01
4

ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་{མྱིང་,མིང་}དུ་གདགས་པར་བགྱི། བཅོམ་ལྡན་འདས་བྱེད་པ་པོའི་{མྱིང་,མིང་}དེ་ཡང་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན།

D8.014.0346a04.01
5

{མྱིང་,མིང་}དེ་མ་མཆིས་པས་དེ་ལྟར་ན་{མྱིང་,མིང་}དེ་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས་བདག་གིས་ཚོར་བ་པོའི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས་

D8.014.0346a05.01
6

དེ་ལྟར་བདག་གིས་ཚོར་བ་པོའི་འཕེལ་བ་དང་འགྲིབ་པ་མ་{དམྱིགས་,དམིགས་}ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་{མྱིང་,མིང་}དུ་གདགས་པར་བགྱི། བཅོམ་ལྡན་འདས་ཚོར་བ་པོའི་{མྱིང་,མིང་}དེ་ཡང་གནས་པ་མ་མཆིས་ཐུག་པ་མ་མཆིས་

D8.014.0346a06.01
7

བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། {མྱིང་,མིང་}དེ་མ་མཆིས་པས་དེ་ལྟར་ན་{མྱིང་,མིང་}དེ་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས་བདག་གིས་ཤེས་པ་པོའི་འཕེལ་བ་དང་འགྲིབ་པ་མ་

D8.014.0346a07.01