藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 14 函德格 85b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ལ་བརྩོན་ན་བརྩོན་ཞེས་བྱའོ། །རྒ་ཤི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་གང་ཇི་སྙེད་མིང་དུ་གདགས་སུ་ཡོད་པ་དེ་དག་ཐམས་ཅད་སྟོང་པ་ཉིད་ལ་

D8.014.0085b01.01
2

བརྩོན་ན་བརྩོན་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རང་བཞིན་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱ་སྟེ། ཤ་ར་དྭ་ཏིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་

D8.014.0085b02.01
3

སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྟོང་པ་ཉིད་བདུན་པོ་འདི་དག་ལ་བརྩོན་ན་བརྩོན་ཞེས་བྱའོ། །དེ་སྟོང་པ་ཉིད་བདུན་པོ་འདི་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་ཀྱང་། བརྩོན་ཞེས་བྱ་བ་འམ་{མྱི་,མི་}བརྩོན་

D8.014.0085b03.01
4

ཞེས་{མྱི་,མི་}བརྗོད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གཟུགས་བརྩོན་ཞེས་བྱ་བ་འམ་{མྱི་,མི་}བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །ཚོར་བ་བརྩོན་ཞེས་བྱ་བ་འམ་{མྱི་,མི་}བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །འདུ་ཤེས་བརྩོན་

D8.014.0085b04.01
5

ཞེས་བྱ་བ་འམ་{མྱི་,མི་}བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །འདུ་བྱེད་བརྩོན་ཞེས་བྱ་བ་འམ་{མྱི་,མི་}བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །རྣམ་པར་ཤེས་པ་བརྩོན་ཞེས་བྱ་བ་འམ་{མྱི་,མི་}བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་{མྱི་,མི་}

D8.014.0085b05.01
6

མཐོང་ངོ་། །གཟུགས་སྐྱེ་བའི་ཆོས་ཅན་ནམ། འགོག་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །ཚོར་བ་སྐྱེ་བའི་ཆོས་ཅན་ནམ། འགོག་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །འདུ་ཤེས་སྐྱེ་བའི་ཆོས་ཅན་ནམ། འགོག་

D8.014.0085b06.01
7

པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །འདུ་བྱེད་སྐྱེ་བའི་ཆོས་ཅན་ནམ། འགོག་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །རྣམ་པར་ཤེས་པ་སྐྱེ་བའི་ཆོས་ཅན་ནམ། འགོག་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །

D8.014.0085b07.01